ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ རེས་གཟའ་སྤེན་པ་ཉིན་རྡ་ས་གངས་སྐྱི
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་
ཁྱེད་རྣམ་པས་ཀྱང་ཇི་སྲིད་བོད་མིའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ངོ་བོར་གནས་པ་དེ་སྲིད་ང་ཚོ་བོད་མི་དང་ལྷན་དུ་ཡོད། ཅེས་གསུངས་ཡོད། དེར་བརྟེན་བོད་མི་དང་ཨ་རིའི་དབར་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུའི་ཕྱོགས་གཉིས་ཀས་ཁས་ལེན་ཞུས་ཡོད། ཕྱོགས་གཉིས་མཛའ་བརྩེའི་འབྲེལ་བ་ནི་ད་ལྟ་དབྱར་དུས་ཀྱི་འཇའ་ཚོན་སྣ་ལྔ་ནམ་མཁར་ཤར་བ་དང་མཚུངས། ཁྱེད་རྣམ་པ་འདིར་ཕེབས་པ་འདིས་རྒྱ་ནག་ལ་མང་གཙོའི་རིང་ལུགས་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་བརྡ་ལན་ཞིག་བཏང་བ་རེད། ལྷག་པར་བོད་ནང་གི་བོད་མི་ཚོར་དྲང་བདེན་ལ་རྒྱབ་སྐྱོར་ཐོབ་པའི་བརྡ་ལན་བཟང་པོ་ཞིག་བཏང་བ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན།
ཨ་རིའི་གྲོས་ཚོགས་འོག་མའི་མང་
དེར་བརྟེན་ལྕམ་སྐུ་མཆོག་གིས་གནང་བའི་འཚམས་འདྲི་འདི་ཁྱེད་རྣམ་པར་འབུལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁ་སང་ང་ཚོ་འདིར་ཡོང་སྐབས་ལམ་གྱི་གཡས་ཡོན་དུ་ཨ་རིའི་རྒྱལ་དར་ཧ་ཅང་མང་པོ་མཐོང་སྐབས་སེམས་ནང་དགའ་ཚོར་ཧ་ཅང་བྱུང་།
སྔ་དྲོ་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུས་པ་ཡིན། སྐབས་དེར་ང་ཚོས་མགོན་པོ་གང་ཉིད་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་སྐོར་ལའང་རྒྱུས་ལོན་ཐུབ་བྱུང་། མཇལ་ཁའི་སྐབས་ཀྱི་མྱོང་ཚོར་དེ་ནི་དུས་ནམ་ཡང་རྗེད་ཐབས་མེད་པ་ཞིག་རེད། དེ་ལྟ་བུའི་མཇལ་ཁ་དེ་ནི་མི་ཚེའི་ནང་ཐེངས་གཅིག་པོ་དེ་རེད། གང་ཉིད་ལ་མཚོན་ན་ཨ་རིར་ཕྱི་ལོ་ ༡༩༧༩ ལོར་ཆེས་ཐོག་མ་ཆིབས་སྒྱུར་བསྐྱངས་ཡོད། དེ་སྔ་སྲིད་སྐྱོང་མཆོག་གིས་ང་ཚོ་རྡ་སར་ཡོང་རོགས་གསུང་བྱུང་།
ཕྱོགས་མཚུངས་ང་ཚོ་དེ་རིང་འདིར་བཅར་ཐུབ་པ་ནི་ངས་གོང་དུ་བརྗོད་པ་ལྟར་ཧ་ཅང་སྐལ་བ་བཟང་པོ་བྱུང་། ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་། ཐུན་མིན་སྐད་ཡིག བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་ཆབ་སྲིད་ཚོགས་པ་གཉིས་ཀས་ཞལ་གཅིག་གྲགས་ཐོག་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་བྲལ་ནས་མི་ཡུལ་ནང་དཀའ་ངལ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།
གཞན་ཡུལ་དུ་རང་མི་རིགས་ཀྱི་མཐུན་མིན་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་དཀའ་ངལ་རྣམས་ལ་ཁྱེད་ཚོས་གདོང་ལེན་གང་ཐུབ་གནང་བཞིན་ཡོད། ང་ཚོ་ཨ་རིའི་གྲོས་ཚོགས་ངོས་ནས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་ཡུན་རིང་ནས་འབྲེལ་བ་དམ་ཟབ་རྒྱུན་སྐྱོང་ཐུབ་པར་དགའ་སྤོབས་ཧ་ཅང་བྱུང་། ཨ་རིའི་གཞུང་གིས་ཨ་རིའི་རོགས་ཚོགས་ USAID དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་ང་ཚོས་མུ་མཐུད་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོའི་འཚོ་བ་ཡར་རྒྱས་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན།
ལྷག་པར་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཞུ་ཐོག་བོད་མི་མི་རབས་གསར་པའི་ཁྲོད་འགོ་ཁྲོད་སྐྱེད་སྲིང་ཆེད་མཐུན་འགྱུར་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན། གཞུང་འབྲེལ་ཡིན་མིན་ཐབས་ལམ་འདྲ་མིན་བརྒྱུད་ནས་བྱེད་བཞིན་ཡོད། དཔེར་ན་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུ་གསར་འགྱུར་བརྒྱུད་ལམ་ཐོག་ནས་རེད། དེ་བཞིན་ཤེས་ཡོན་བརྗེ་ལེན་ཐོག་ནས་ཀྱང་མཐུན་འགྱུར་རོགས་རམ་ཞུ་མུས་ཡིན།
ང་རང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་ཁྱོན་དུ་གནས་པའི་བོད་མི་ཚོས་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཧ་ཅང་གནང་བ་མཐོང་སྐབས་ངོ་མཚར་སྐྱེ་བཞིན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན། རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེ