ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ ཉིན་རྒྱབ་ནས་ཟླ་ ༨ ཚེས་ ༨ བར་དིལླཱིར་ཚོགས་འདུ་གལ་ཆེ་ཞིག་དང་། གནད་ཡོད་མི་སྣ་མཇལ་འཕྲད། དེ་ནས་གྷུ་ཇུ་ཏཊ་མངའ་སྡེའི་བྷ་རོ་ཌ་རུ་རྟེན་གཞི་བྱས་པའི་པཱ་རུལ་མཐོ་སློབ་ Parul Universityཏུ་ཇི་ལྟར་མགྲོན་འབོད་ལྟར་གསུང་བཤད་གནང་རྒྱུ་དང་། ས་གནས་སུ་ཕེབས་ཞོར་དུ་ The Maharaj Sayajirao University Of Baroda ཞེས་པའི་གཙུག་ལག་སློབ་ཁང་དུ་གསུང་བཤད་གནང་རྒྱུ་དང་། ཁུལ་དེར་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ལ་ཐུག་འཕྲད་དང་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།