ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༡ རེས་གཟའ་ཉི་མ་སྔ་དྲོ་ཚོུད་ ༩།༤༠ ཐོག་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༠༧ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས་དང་ཚོགས་གཞོན་རྣམ་གྲོལ་ཡར་འཕེལ་ལགས་བཅས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་གནས་འཐུས་ཚོགས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ཕྱི་ཟླ་ ༨ ཚེས་ ༡༠ རེས་གཟའ་སྤེན་པ་སྔ་དྲོ་ཚོུད་ ༡༡།༤༠ ཐོག་ས་གནས་ཁྲིམས་ཞིབ་པས་སིམ་ལ་ས་གནས་མི་མང་ ༩༤ ཚོགས་བཅར་ཞུས་པ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༩ པ་དང་། དོན་ཚན་ ༡༢ པ། དོན་ཚན་ ༡༣ པ་བཅས་ཀྱི་ངོ་སྤྲོད། དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གི་ངོ་སྤྲོད་མདོར་བསྡུས། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང་། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས། །