ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་སྦར་སིལ་དོན་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༩ ནས་ཚེས་ ༡༡ བར་ཉིན་གསུམ་རིང་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་སྦེལ་ཇམ་གྱི་གྲོང་ཁྱེར་ཨེན་ཝར་པན་དུ་བསྐྱངས་གནང་ཡོད། ཕྱི་ཚེས་ ༩ ཞོགས་པ་སྐྱབས་རྗེ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཚོགས་ཁང་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་དང་། ཡུ་རོབ་ས་སྐྱའི་སྨོན་ལམ་གོ་སྒྲིག་ཚོགས་ཆུང་། དེ་བཞིན་སྦེལ་ཇམ་དུ་རྟེན་གཞི་བྱས་པའི་བརྩེ་ཆེན་ཚོགས་པའི་ལས་སྣེ་རྣམ་པ་བཅས་ནས་ཕེབས་བསུ་ཞུས་འདུག
དེ་ཡང་སྐྱབས་རྗེ་ཁྲི་ཆེན་མཆོག་བཞུགས་ཁྲིར་འཁོད་བསྟུན། ཡུ་རོབ་ས་སྐྱའི་སྨོན་ལམ་འགན་འཛིན་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐྱབས་རྗེ་ཁྲི་ཆེན་མཆོག་ནས་བོད་ཨིན་ཐོག་ནས་བཀའ་སློབ་བཀའ་དྲིན་སྩལ་དོན་ནང་། སྔ་མོ་བོད་ལ་སྨོན་ལམ་ཆེན་མོ་དར་སྲོལ་ཡོད་ཅིང་། དུས་འགྱུར་རྗེས་རྒྱ་གར་དུ་བོད་ཀྱི་ཆོས་བརྒྱུད་སོ་སོས་སྨོན་ལམ་ཆེན་མོ་གནང་ལམ་བསྐྱར་གསོ་གནང་བ་མ་ཟད། བར་ལམ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་མི་འདུས་སྡེ་ཇེ་ཆེར་སོང་སྟབས། སྨོན་ལམ་ཆེན་མོ་ས་ཕྱོགས་ཁག་ཏུ་གནང་སྲོལ་བྱུང་ཡོད། དེར་བརྟེན་ད་ཆ་སྦེལ་ཇམ་དུ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འདི་ཚུགས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། དེ་འབྲེལ་གྲ་སྒྲིག་ཚོགས་ཆུང་ཁག་དང་། དྭང་བླང་ཞབས་ཞུ་བ། སྦྱིན་བདག་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་སོགས་གསུངས།
ཕྱི་ཚེས་ ༡༠ དང་ ༡༡ སྔ་དྲོ་བར་མུ་མཐུད་སྨོན་ལམ་དང་བརྟན་བཞུགས་སྒྲུབ་ཤག་ཚོགས་པ་དང་། ཕྱི་ཚེས་ ༡༡ ཉིན་རྒྱབ་ཏུ་དཔལ་ས་སྐྱའི་ཁྲི་ཆེན་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་རྗེས། སྐྱབས་རྗེ་ཁྲི་ཆེན་མཆོག་ནས་མང་ཚོགས་ལ་ཚེ་དབང་བཀྲིན་སྩལ་གནང་བ་དང་ཆོས་ཞུ་བ་རེ་རེར་ཕྱག་དབང་གནང་འདུག
དེ་ཡང་མཇུག་སྡོམ་དང་ཚེ་དབང་གནང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། ཕྱི་རྒྱལ་བ། བོད་མི་བཅས་ཆོས་ཞུ་བ་སུམ་སྟོང་ལྷག་ཡོད་པའི་མཇུག་སྡོམ་ལས་རིམ་སྐབས་ཡུ་རོབ་སྨོན་ལམ་ཚོགས་ཆུང་ནས་རྗེས་ལོར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་ ༢ ཕ་རན་སིར་གནང་གཏན་འཁེལ་བའི་གསལ་བསྒྲགས་གནང་འདུག
ཕྱི་ཚེས་ ༡༡ ཉིན་དོན་གཅོད་བཀྲཤིས་ཕུན་ཚོགས་ལགས་དང་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་རྣམ་གཉིས་ནས་སྐྱབས་རྗེ་ཁྲི་ཆེན་མཆོག་ལ་ཟུར་མཇལ་ཞུས་ཏེ་སྐུ་ཚབ་དོན་གཅོད་ནས་ས་གནས་ཀྱི་གནས་སྟངས་དང་བོད་མིའི་འདུས་སྡེ་སོགས་སྐོར་སྙན་སེང་ཞུས་ཡོད་པ་མ་ཟད། ཉིན་རྒྱབ་ཀྱི་མཛད་རིམ་ཆ་ཚང་དང་དེ་ཉིན་སྦེལ་