ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༡ ནས་ཟླ་ ༩ ཚེས་ ༡༠ བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཨ་རི་ནིའུ་ཡོག་དང་ཌི་སི་དེ་བཞིན་བྱང་ཀེལ་ས་ཁུལ་ཁག་ནང་ཡོད་བོད་རིགས་མི་མང་དང་ལས་བྱེད་དེ་མཚུངས་འབྲེལ་ཡོད་ཨ་རི་གཞུང་དང་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ལྷན་མཇལ་འཕྲད་དང་སྡེ་ཚན་ཁག་ལ་འཚམས་གཟིགས། དམིགས་བསལ་བྱང་ཨ་རིའི་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༨ པའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་གཞུང་དོན་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །