ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ ཕྱི་ཟླ་ ༨ ཚེས་ ༡༩ ནས་ ༣༡ བར་ལ་དྭགས་ཁུལ་དུ་གཞུང་དོན་ཕྱོ གས་ཕེབས་གནང་རྒྱུ་ཡིན་ཞིང་། ཐེངས་འདིར་བཀའ་བློན་མཆོག་ལ་ དྭགས་ཁུལ་དུ་རྟེན་གཞི་བྱས་པའི་ བོད་ཀྱི་དགོན་སྡེ་ཁག་ཏུ་གནས་གཟིགས་གནང་རྒྱུ་དང་། དེ་བཞིན་ཚོགས་སྡེ་ཁག་གི་འགན་འཛི ན་རྣམས་དང་ཐུག་འཕྲད་སོགས་གནང་ རྒྱུ་ཡིན་འདུག་པ་བཅས། །