ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །མཚུངས་མེད་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་ལྷན་རྒྱས་མཆོག་ལ།
ཆེད་ཞུ། རྒྱ་གར་གཞུང་ནས་ཕྱི་བསྐྱོད་ལག་ཁྱེར་སེར་པོའི་ནང་ NORI མེད་པ་བཟོས་ཏེ་ཕྱིས་སུ་ལག་དེབ་གསར་པ་གནང་ཁག་ཚང་མར་ NORI ལས་དམ་མེད་པའི་རྐྱེན་གྱིས་ཐོངས་མཆན་དགོངས་བཞེས་གནང་གི་མེད་སྐོར་དང་འབྲེལ། ཉེ་ཆར་ཇར་མི་ནིའི་གཞུང་ཚབ་ནས་ཕྱི་བསྐྱོད་ལག་ཁྱེར་སེར་པོ་གསར་པའི་རིགས་ལ་ NORI མེད་རྐྱེན་གྱིས་མཐོང་མཆན་མ་གནང་བའི་གནས་ཚུལ་བྱུང་འདུག་པར་ལྡི་ལི་སྐུ་ཚབ་དོན་ཁང་གི་ལས་བྱེད་གཞུང་ཚབ་ཏུ་ཆེད་བཅར་གྱིས་ NORI སྐོར་གྱི་གནས་སྟངས་སྙན་གསན་དང་གྲོས་བསྡུར་གནང་ཡང་གནས་སྐབས་འགྱུར་བ་འགྲོ་འཆར་མེད་ངེས་ལ་སོང་། ཕྱི་བསྐྱོད་ལག་ཁྱེར་སེར་པོའི་ NORI ལས་དམ་དང་འབྲེལ་བའི་དཀའ་རྙོག་གཙང་སེལ་མ་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་གཞུང་འབྲེལ་ཇར་མི་ནིར་ཕྱོགས་བསྐྱོད་གནང་འཆར་ཡོད་མཁན་རྣམས་ནས་ཇར་མི་ནིར་མཐོང་མཆན་ཞུ་རྒྱུ་ངང་འཐེན་དགོས་རྒྱུ་ཞེས་ཕེབས་སོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ལ་ཕུལ།།