ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༧ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༧ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲི་ཞུའི་ལས་བྱེད་བགྲེས་ཡོལ་ཕེབས་པ་བཅུ་བཞིར་སྲོང་བཙན་སྒམ་པོའི་སྐུ་བརྙན་གསོལ་སྩལ་མཛད་འདུག
སྤྱིར་སྲི་ཞུ་བ་ཞབས་ལོ་ ༢༠ ལོན་ནས་གཞུང་ཞབས་ལས་དོན་ནས་བགྲེས་ཡོལ་ཕེབས་མཁན་རྣམས་ལ་གཞུང་ཞབས་འདེམས་ལྷན་ནས་ཆོས་རྒྱལ་སྲོང་བཙན་སྒོམ་པོའི་སྐུ་བརྙན་རེ་ཕྱག་རྟགས་སུ་འབུལ་རྒྱུའི་ལམ་སྲོལ་ཡོད་པ་ལྟར། འདི་ལོར་བགྲེས་ཡོལ་ཕེབས་པའི་ལས་བྱེད་བཅུ་བཞི་ལ་༸རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་དང་སྦྲགས་གཟེངས་རྟགས་གསོལ་སྩལ་མཛད་པ་ཞིག་ཡིན་འདུག སྐབས་དེར་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་། གཞུང་ཞབས་འདེམས་ལྷན་གྱི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་དང་འདེམས་ལྷན་ལས་བྱེད། དྲུང་ཟུར་འཇིགས་མེད་ཚེ་རིང་ལགས་ཀྱང་བཅར་འདུག་པ་བཅས། །