ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་ཟུར། བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཧར་གདོང་ཁང་མཚན་གྱི་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་མཆོག་གིས་ཆེན་པོ་ཧོར་ཡུལ་གྱིས་མཚོན་པའི་རྒྱལ་ཁབ་དང་ཡུལ་གྲུ་དུ་མར། ༸རྒྱལ་བའི་བཀའ་སྲུང་ཅི་སྒྲུབ་ཀྱིས་ནང་ཆོས་དོན་གཉེར་ཅན་སྟོང་ཕྲག་མང་པོར་ལོ་མང་རིང་གསུང་ཆོས་དང་དབང་གནང་བ་སོགས་བསྟན་པའི་ཞབས་འདེགས་རྒྱ་ཆེ་ཞུས་དང་ཞུ་བཞིན་པ་མ་ཟད།
ལྷག་པར་ ༢༠༡༩ ཟླ་ ༧ ནང་བྷུར་ཡ་ཐའི་ Buryatia ས་གནས་སུ་དད་ལྡན་སེར་སྐྱ་ཁྲི་སྟོང་མང་པོར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་སྨིན་སྩོལ་བཀའ་དྲིན་སྩལ་བས་མཚོན་རིན་པོ་ཆེ་མཆོག་གིས་བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས་པར་ཆེ་བསྟོད་མཚོན་སླད་ཌི་ཛ་ཡའི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་མཚན་མཐོང་ཕྱག་ཁྱེར་དང་། བྷུར་ཡ་ཐའི་གཞུང་གིས ༼ བྷུར་ཡ་ཐའི་གཟེངས་བསྟོད་ཀྱི་ལེགས་སྐྱེས་ ༽ ཞེས་པ་འབུལ་བཞེས་གནང་འདུག་པ་བཅས།