ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༥ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་རྒྱབ་ནས་ཕྱི་ཚེས་ ༡༣ བར་ཉིན་གྲངས་བརྒྱད་རིང་ཨི་ཊ་ལིར་རྟེན་གཞི་བྱས་པའི་ Casa Del Tibet དང་། South Tyrol སྤྱི་ཁྱབ་པ་གཉིས་ནས་གདན་འབོད་ལྟར་ཕེབས་རྒྱུ་དང་། ས་གནས་སུ་ཕེབས་ཞོར་དུ་གནད་ཡོད་མི་སྣ་མཇལ་འཕྲད་དང་། གཙུག་ལག་སློབ་ཁང་དུ་གསུང་བཤད། རང་རིགས་མང་ཚོགས་དང་ཐུགས་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །