ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིའི་ཁོངས་སྤྱི་ཚོགས་ཡར་རྒྱས་མཐུན་སྦྱོར་བ་ལས་བྱེད་གྲངས་ ༢ ལོ་གཉིས་རིང་ཆོད་འགན་ངོ་བའི་ཐོག་བསྐོ་བཞག་ཞུ་རྒྱུར་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ་ལྟར་དགོས་རྒྱུ།
ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ BA/B.Com/B.Sc གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
ལོ་ཚད། ༢༠༡༩།༨།༡༢ ཉིན་རང་ལོ་ ༢༡ ལས་མི་ཉུང་བ་དང་ ༤༥ ལས་མ་བརྒལ་བ་ཆབས་ཅིག་རྒྱ་བལ་གཞིས་ཁག་ནང་ཕྱོགས་སྐྱོད་ཡང་ཡང་བྱེད་ཐུབ་མཁན།
རྒྱུགས་གཞི། བོད་ཨིན་ངག་རྒྱུགས་ལེན་རྒྱུ།
ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ།
༡། དོ་བདག་གི་ཞུ་སྙན་ Resume མཉམ་ད་ལྟའི་ཕྱེད་པར་གཅིག་དང་ཤེས་ཚད་ལག་འཁྱེར་གྱི་ངོ་བཤུས།
༢། དང་བླངས་དཔྱ་ཁྲལ་ལག་དེབ་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། RC དུས་འགྱངས་ཞུས་པའི་ངོ་བཤུས།
༤། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ Birth Certificate ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།
༥། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༦། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
༧། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར།
ཕོགས་དང་ཁེ་ཕན་མཐུན་རྐྱེན།
༡། ཟླ་རེར་གླ་ཕོགས་དང་ཁེ་ཕན་ཕྱོགས་སྡོམ་ཧིན་སྒོར། ༢༨,༠༠༠ ཙམ་ཐོབ་རྒྱུ།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ Attestation ཞུས་ཏེ། ཕྱི་ལོ་ ༢༠༡༩ ཟླ ༠༨ ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༥ པ་འགྱངས་མེད་ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་དཔར་ཨང། གློག་འཕྲིན། E-Mail སོགས་ཁ་གསལ་བཀོད་དེ་ནང་སྲིད་ལས་ཁུངས་སུ་གློག་འཕྲིན་བརྒྱུད་ [email protected] ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
ཡིག་ཆ་ངོ་མ་རྣམས་འདེམས་རྒྱུགས་སྐབས་མིག་སྟོན་དགོས་པར་ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་གྲངས་སྐབས་མཚམས་འབྲེལ་བ་བྱ་རྒྱུ་ཡིན་པ་བཅས། །
འཚང་སྙན་འབུལ་ཡུལ།
Secretary,
Department of Home,
CTA Gangchen Kyishong,
Dharamsala 176215
Distt Kangra H.P
E-Mail: [email protected]
FAX: 01892-225065
Telephone: 01892- 222214/222412