ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཆ་ཏི་སི་གྷར་མངའ་སྡེའི་ཡོང་འབབ་དང་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་བློན་ཆེན་སྐུ་ཞབས་ཇེ་སིངྒ་ཨ་གྷར་ཝལ་ Shri Jay Singh Aggarwa,Revenue and Rehabilitation Minister མཆོག་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་སྐབས་མན་སྤར་ཕན་བདེ་གླིང་གི་ས་གནས་འགོ་འཛིན་གྱིས་ཕེབས་བསུ་དང་འབྲེལ་གཞིས་གྲོང་ ༥ པའི་སྲོལ་རྒྱུན་ཞིང་ལས་ཐོན་སྐྱེད་སོགས་ཕྱགས་རྟགས་སུ་ཕུལ་ཡོད།
དེ་ཡང་མངའ་སྡེའི་བློན་ཆེན་མཆོག་གཞིས་གྲོང་ ༣ ནང་ཡོད་པའི་གཙོ་རི་བདེ་ཆེན་ཆོས་འཁོར་གླིང་དགོན་པར་ཕེབས་ཏེ་སྟོན་པའི་སྐུ་བརྙན་ལ་མཇལ་དར་ཕུལ་ཡོད། དེ་རྗེས་མན་སྤར་ཁུལ་དུ་འཚམས་གཟིགས་གནང་ཡོད་པ་བཅས། །