༢༠༡༩ ཟླ་ ༧ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོ
དེ་ཡང་འགན་འཛིན་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ནས་ཕྱི་ཟླ་ ༧ ཚེས་ ༢༩ བར་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དང་། ཌི་སི། ཝན་ཁུ་ཝར། སེ་ཡ་ཊལ། པོཌ་ལེན། སན་ཕ་རན་སི་སི་ཁོ་བྷེ་ས་ཁུལ། ལྷོ་ཁལ་ལི་ཕོར་ནི་ཡ། མིན་ཡ་ན་པོ་ལི་སི། ཊོ་རོན་ཊོ། ནིའུ་ཡོག་བཅས་སུ་གཞུང་འབྲེལ་ཕྱོ
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་སྔོན་འགྲོའི་མ་འཛུགས་ཧིན་སྒོར་བྱེ་བ་བརྒྱ་ཐམ་པ་ནས་རྒྱ་ཆ་བཞི་བཅུ་ཞེ་དགུ་ཙམ་མི་མང་ལ་མ་འཛུགས་བྱ་རྒྱུའི་གོ་སྐབས་འབུལ་རྒྱུ་དང་། མ་འཛུགས་གོ་སྐབས་དེ་ཁག་གཉིས་སུ་དབྱེ་ཡོད་པའི་ཁོངས་ནས་དང་པོ་དེར་ཉུང་ཐར་ཨ་སྒོར་ ༡༥༠༠༠ ཐམ་པ་སྐྱེད་འབབ་ངེས་མེད་ཀྱི་ཐོབ་བྱ་མ་ཤེར་ Equity Share དང་། གཉིས་པ་ཉུང་ཐར་ཨ་སྒོར་ ༢༥༠༠༠ དེ་དུས་ཐུང་འདེམས་ཆའི་མ་ཤེར་ Short – Term Preference Share ལོ་ལྔའི་ནང་ལོ་ལྟར་མ་རྩའི་འབབ་སྐལ་རྒྱ་ཆ་ ༣ འབུལ་རྒྱུ་ཡིན།
གཞུང་འབྲེལ་ཕྱོགས་ཕེབས་ཉིན་མཐའ་མར་མ་འཛུགས་བྱེད་མཁན་གྲངས་ ༥༥ ནས་ཨ་སྒོར་ས་ཡ་གཅིག་མ་འཛུགས་བྱེད་ཡོད་པ་མ་ཟད། མི་མང་པོ་ཞིག་ནས་ཀྱང་མ་འཛུགས་བྱེད་རྒྱུའི་འདོད་མོས་ཀྱང་གནང་ཡོད། བྱང་ཨ་རིའི་ཁུལ་ནས་ཨ་སྒོར་ས་ཡ་གཅིག་དང་ཁྲི་ལྔ་ཐམ་པ་མ་འཛུགས་བྱེད་རྒྱུའི་རེ་བ་ཡོད། མ་འཛུགས་གནང་མཁན་ཕལ་ཆེ་བ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་གནང་རྒྱུའི་ཀུན་སློང་ལས་དཔལ་འབྱོར་གྱི་ཁེ་ཕན་སླད་མིན། སྐབས་དེར་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཞལ་འདེབས་ཕུལ་མཁན་ཡང་བྱུང་ཡོད།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་འོངས་དམིགས་ཡུལ་གཙོ་བོ་ནི་དངུལ་ཁང་ཆུང་གྲས་དེབ་སྐྱེལ་བྱེད་རྒྱུ་དེ་ཡིན་པ་དང་། དེ་བཞིན་དངུལ་ཁང་གཞན་ནང་བཞིན་ལས་དོན་བྱེད་རྒྱུ་དེ་ཡིན།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི
ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེ