ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༦ ནས་ ༢༩ བར་ཉིན་གྲངས་བཅུ་བཞི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འཆར་དང་། དེ་བཞིན་ཨིན་ཡུལ་དུ་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང་གཙུག་ལག་སློབ་ཁང་དུ་གསུང་བཤད། གཞན་ཡང་བོད་དོན་རྒྱབ་སྐྱོར་རྣམ་པ་དང་ས་གནས་སུ་ཡོད་པའི་བོད་མི་མང་ཚོགས་དང་མཇལ་འཕྲད་གནང་རྒྱུའི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །