ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཧོན་སུར་རབ་རྒྱས་གླིང་གཞིས་མཉམ་གཉིས་ཀྱི་ལས་ཁུངས་དང་སྡེ་ཚན་ཁག་ཏུ་འཚམས་གཟིགས་གནང༌གྲུབ་རྗེས་ཆུ་ཚོད་ ༡༠ ཐོག་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་གནས་གཟིགས་དང་དགེ་འདུན་པ་ཞལ་གྲངས་ ༡༥༠ ལྷག་ཙམ་ལ་བཀའ་བློན་མཆོག་གིས་ལྔ་དང་ལྔ་བཅུ་འཆར་སྣང༌དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། འབྱུར་འགྱུར་དམིགས་བསལ་ཚོགས་ཆེན་བསྐོང་ཚོགས་གནང་རྒྱུ་བཅས་ཀྱི་སྐོར་གསུང་བཤད་གནང༌།
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་གནས་གཟིགས་དང་སྦྲགས་མཁན་རིན་པོ་ཆེ་མཆོག་གིས་གྲྭ་ཚང་གི་སྐོར་ངོ་སྤྲོད་གནང་རྗེས་དགེ་འདུན་པ་གྲངས་༡༠༠ ལྷག་ཙམ་ལ་གསུང་བཤད་གནང༌། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཧོན་སུར་རབ་རྒྱས་གླིང་གི་གཞིས་མི་མང་ཚོགས་གྲངས་ ༡༧༥ ལ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང༌།
ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཐོག་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཆུ་ཚོད་ ༤།༣༠ ཙམ་ལ་ཀོ་ལེ་གྷལ་ས་གནས་སུ་བདེ་འབྱོར་གྱིས་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་བཅས། །