ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཨ་རིའི་མཐོ་སློབ་ཁག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༠ ལོའི་ Global Leadership Incubator (GLI) སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་གཤམ་གསལ་དྲ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།
༡། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ བར་གཙང་འབུལ་ཟིན་པ་དགོས། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ”པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། ༼ “འགེངས་ཤོག-ཀ”པ་འབུལ་དགོས། ༽
༢། ཕྱི་ལོ་ ༢༠༡༩ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཅིག་ཡིན་དགོས་ལ་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ ༧༥ དང་དེ་ཡན་ལོན་པ་ཞིག་དགོས། ༼ འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས། ༽
༣། འཚང་སྙན་འབུལ་མི་རྣམས་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། ཡང་ན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་གོ་སྒྲིག་ཞུ་གཏན་འཁེལ་བའི་ནང་རྒྱུགས་འཕྲོད་པ་ཞིག་དགོས། ༼ འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས། ༽
༤། ཐོག་མར་འཚང་སྙན་འབུལ་སྐབས་ TOEFL ཨང་ཉུང་མཐར་ ༩༠ ལོན་དགོས་ཀྱང་། རྗེས་སུ་འདེམས་ཐོ་ནང་འཁོད་ཚེ་ TOEFL སྐྱར་རྒྱུགས་ནང་མ་མཐར་ཨང་ ༡༠༠ ལོན་པ་ཞིག་དགོས། ༼ TOEFL ཨང་ཤོག་འབུལ་དགོས། ༽
༥། GLI འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་འགོད་འབུལ་ཞུ་དགོས། ༼ GLI འགེངས་ཤོག་མཉམ་སྦྱར་ཞུས་ཡོད། ༽
མཆན། ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་ཚུད་དོ་བདག་ནས་ཕྱིར་བསྐྱོད་ལག་དེབ་སེར་པོ་ (IC) ཐོན་ཐབས་འགན་འཁུར་དགོས།
འདེམས་ཐོ་ནང་འཁོད་པའི་སློབ་ཕྲུག་རྣམས་ GLI ཚོགས་མི་ཞིག་ནས་དྲ་ཐོག་བརྒྱུད་ངག་རྒྱུགས་བླང་རྒྱུ་ཡིན་པ་བཅས། ཤེས་རིག་སློབ་ཡོན་ཚན་པ་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ ལ།།
དོགས་འདྲི་ཞུ་ཡུལ།
བསོད་ནམས་བཟང་མོ། [email protected]
བློ་གྲོས་རབ་གསལ། [email protected]
Department of Education, CTA
Gangchen Kyishong, Dharamsala – 176215
District Kangra, Himachal Pradesh, India
Phone no. +91.01892.226695, 222572 and 222721
Website: www.sherig.org, www.lamton.org
Facebook: www.facebook.com/doe.lobyon/