ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེ
སྐབས་དེར་མཛད་སྒོའི་གསུང་བཤད་ཀྱི་གཙོ་བོར་སྲིད་སྐྱོང་མཆོག་གིས་བསླབ་པ་མཐར་སོན་པ་རྣམས་སླར་ཡང་སྤྱི་ཚོགས་རང་གི་ནང་ཕྱིར་ལོག་གནང་ནས་ངེས་པར་དུ་ཞབས་ཞུ་བསྒྲུབ་དགོས་གལ་དང་། ནང་ཆོས་ནས་གསུང་པའི་བསླབ་བྱ་དེ་དག་རང་རྒྱུས་ཐོག་ཉམས་ལེན་དང་འབྲེལ་ནས་ཉིན་རེའི་འཚོ་བའི་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས་ཀྱི་ལམ་སྟོན་གནང་སྐབས། སློབ་ཕྲུག་ཚོས་ཀྱང་ཉིན་རེའི་འཚོ་བའི་ཁྲོད་མི་རིགས་དབྱེ་འབྱེད་དང་། དཔུང་ཤུགས་ཆེ་བས་ཐུབ་ཚོད་བཏང་བ། དེ་བཞིན་དྲག་གནོན་བྱས་པའི་དོན་རྐྱེན་རིགས་འབྱུང་འཕྲལ་བཟོད་སྒོམ་དང་། སྙིང་སྟོབས་སྐྱེས་ནས་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་ཐབས་དགོས་སྐོར་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་རང་ཉིད་རྒྱ་གར་བྱང་ཤར་གྱི་ཇ་ཞིང་སྐྱེ་སའི་ས་གནས་གྲགས་ཅན་རྡོ་རྗེ་གླིང་ཉེ་འགྲམ་བླ་མ་ཧ་ཌར་བོད་མི་བཙན་བྱོལ་བའི་ཁྱིམ་ཚང་ཉམ་ཆུང་ཞིག་གི་ནང་སྐྱེས་པ་དང་། ཕྱིས་སུ་མཐོ་སློབ་སོགས་ནང་སློབ་སྦྱོང་གནང་སྟངས། དེ་རྗེས་ཨ་རིའི་ཧར་ཝ་ཌི་ཁྲིམས་ཀྱི་མཐོ་སློབ་ནང་སློབ་ཡོན་ཐོབ་ནས་འབུམ་རམས་པའི་སློབ་སྦྱོང་ཐོན་ནས་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་མཁན་ཞིག་ཆགས་ཡོད་སྐོར་སོགས་གསུངས།
སློབ་ཕྲུག་ ༤༠༠༠ ཙམ་ཡོད་པའི་ཁྲོད་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་ཚོས་ཉིན་རེའི་འཚོ་བའི་ཁྲོད་མི་རིགས་དབྱེ་འབྱེད་དང་འཐེན་འཁྱེར་སོགས་གཞན་གྱིས་བརྙས་བཅོས་འོག་སེམས་སྡུག་དང་། སེམས་ཞུམ་ནས་མ་བསྡད་པར་རང་གི་ཐུན་མིན་རིག་གནས་དང་། ཕ་མེས་ཀྱི་ལེགས་སྦྱང་དེ་དག་ལ་སྤོབས་པ་བྱས་ནས་སྙིང་སྟོབས་སྐྱེ་སྟེ་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་པའི་རེ་འདུན་བཏོན་འདུག
སྐབས་དེར་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ཨེ་ལན་ཝེ་