ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་ལས་དྲུང་དང་སྣེ་ལེན་པ་གཅིག་ལྕོགས་ Office Secretary Cum Receptionist གཅིག་ལས་བྱེད་ངོ་མ་ཐོག་ས་མིག་གཅིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ།
འཚང་སྙན་ནང་སོ་སོའི་ཁ་བྱང༌། ཞལ་པར་ཨང༌། གློག་འཕྲིན་ཁ་བྱང་ཁ་གསལ་བཀོད་དགོས་རྒྱུ།གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་ཡིན།ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས།ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་དབྱིན་བོད་གཉིས་ཀྱི་ཡིག་རྒྱུགས་དང་ངག་རྒྱུགས། ཀམ་པུཊར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན།འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་འཚང་སྙན་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན།རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།
དགོས་མཁོའི་ཆ་རྐྱེན་གཤམ་གསལ་ལྟར་ཡིན།
༡༽ གཙུག་ལག་རམ་འབྱམས་པ། BA/BCOM/BSC or Equivalent ཐོན་པའི་ལག་འཁྱེར་ཡོད་པ།
༢༽ ཡིག་རྒྱུགས་ཐད། གོང་གསལ་དགོས་མཁོའི་ཆ་རྐྱེན་ཐོག་འབྲི་རྒྱུགས་དང༌། ངག་རྒྱུགས། ཀམ་པུཊར་ཡོད།
༣༽ དོ་བདག་ལ་ཕོགས་རིམ་བདུན་པ། ཟླ་རེ་ཧིན་སྒོར། ༢༡༤༠༠ དང་། ལས་ཤག་གོ་སྒྲིག་ཡོད།
ཟླ་དྲུག་ཚོད་བལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་གཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ།
༤༽ ཕྱི་ལོ་ ༢༠༡༨།༡༢།༣༡ བར་དྭང་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༥༽ རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་ཤུས།
༦༽ རང་ལོ་ ༡༨ ནས་ ༤༠ མ་བརྒལ་བ་དགོས་རྒྱུ།
༧༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༨༽ ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་ཡང་ན་ས་གནས་འགན་འཛིན་གང་རུང་གི་དག་མཆན་འཁོད་དགོས་གལ་བཅས་ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢ ལ།།
The Director
Sherig Parkhang Trust,
R- 28 & 27, Ramesh Park
Laxmi Nagar, Delhi- 110092
Tele Fax:- 011-22455634 & 011-22453672 (O) 011-22013260(R)
E-mail- [email protected]