ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་རང་ལོ་ ༡༨ ཡིན་པ་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་ནག་གཞུང་གི་ལས་ཁུངས་བར་གོམ་འགྲོས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་ཀྱང་ད་བར་རྒྱལ་གཅེས་པ་ཁོང་གི་འདྲ་པར་ལག་སོན་བྱུང་མེད། ཐེངས་འདིར་རྒྱལ་གཅེས་པ་དམ་པ་ཁོང་གི་འདྲ་པར་ལག་སོན་ཐུབ་ཡོད་པ་བཅས།།