ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༧ ཙམ་ལ་ཤར་པ་ཆོས་རྗེ་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག་དང་། བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ
དེ་ཡང་བླ་ཆེན་རྣམ་པ་བཀའ་ཤག་ཏུ་ཕེབས་འབྱོར་བྱུང་མཚམས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། དེ་བཞིན་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་སྦྲགས་ཚོགས་ཁང་གི་བཞུགས་བྲལ་དུ་འཁོད་བསྟུན། སྲིད་ཚབ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བར་བརྟེན་རྡ་སར་བཞུགས་མེད་པ་དང་། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་ཤེས་རིག བདེ་སྲུང་། འཕྲོད་བསྟེན་བཅས་ལས་ཁུངས་ཁག་གི་བཀའ་བློན་རྣམ་པས་བླ་ཆེན་རྣམ་པར་བཀའ་ཤག་གི་ཚབ་ཞུས་ནས་གསོལ་ཚིགས་འབུལ་ལམ་ཞུ་སྐོར་ཞུས་འདུག
སྤྱིར་བླ་ཆེན་རྣམ་པ་བཞུགས་སྒར་དུ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་ཆོས་བརྒྱུད་དང་བཅས། བོད་ལྗོངས་ལྷ་མི་ཟུང་འབྲེལ་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་མཛད་སྒོར་བཅར་བ་ཞིག་ཡིན་འདུག གསོལ་སྟོན་མཛད་སྒོའི་ཐོག་སྲིད་ཚབ་མཆོག་གིས་བླ་ཆེན་རྣམ་པར་བཀའ་ཤག་གི་འཚམས་ཞུའི་མཇལ་དར་དང་ཕྱག་རྟགས་ཕུལ་འདུག་པ་བཅས།།