ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ལོའི་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་གི་སློབ་ཡོན་ཆེད་འཚང་སྙན་འབུལ་རྒྱུའི་མཐའ་མའི་དུས་བཀག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༡ བར་ཕྱིར་འགྱངས་ཞུས་པ་དང་། སློབ་ཡོན་འདི་བཞིན་རང་རེའི་བོད་ཕྲུག་གཉིས་ལ་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་ལོ་གཉིས་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ (Management Science) ཆེད་སློབ་ཡོན་དོད་དང། སྡོད་གནས། དེ་བཞིན་ལམ་གྲོན་བཅས་གནང་གཏན་ཁེལ་སོང་བས་དགོས་ངེས་ཀྱི་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༡ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།
https://forms.gle/3RSvmpETg1JSzj2MA
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།
༡། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་འབུལ་ཟིན་པ་དང་། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ”པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། ༼ “འགེངས་ཤོག-ཀ”པ་འབུལ་དགོས། ༽
༢། འཚང་སྙན་འབུལ་མི་རྣམས་སྤྱི་ཡོངས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་ཚན་གང་རུང་ཐོག་ ཉེ་བའི་གཙུག་ལག་རབ་འབྱམས་པ་ཕྱི་ལོ་ ༢༠༡༦ གམ་དེ་རྗེས་སུ་ཐོན་པ་གང་ཞིག་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༥༠ ལོན་པ་ཞིག་དགོས། ༼ ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཤོག་གི་ངོ་བཤུས་འབུལ་དགོས། ༽
༣། སྤྱོད་བདེའི་ཡིག་སྒྲོམ་ (PDF) གཅིག་ནང་མཉམ་དུ་འབུལ་དགོས་པའི་ཡིག་ཆ་གཞན་ཁག
- སློབ་ཡོན་འདིའི་ཁོངས་འཚང་སྙན་འབུལ་དོན་གྱི་རྩོམ་ཡིག་ཚིག་འབྲུ་ ༤༠༠ ནས་ ༥༠༠ བར་ཡོད་པ་ཞིག
- རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤོག་ངོས་གཅིག
- རང་ཉིད་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ཁང་ནས་ཞུས་པའི་ངོ་སྤྲོད་རྒྱབ་གཉེར་ཞིག
- ཉི་ཧོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་ཚེ་དེའི་ངོ་བཤུས་ཤིག
སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།
༡། སྙན་འབུལ་བ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ པའི་གཟའ་འཁོར་གཉིས་པའི་ནང་དྷ་སར་ངག་རྒྱུགས་བླང་རྒྱུ།
༢། ངག་རྒྱུགས་གྲུབ་མཚམས་གཤམ་གསལ་གྱི་ཕྱོགས་བསྡོམས་བརྒྱ་ཆ་རྩེ་བཏོག་གིས་སྙན་འབུལ་བ་ ༤ འདེམས་སྒྲུག་བྱ་རྒྱུ།
ཀ། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་བརྒྱ་ཆར་ཐོབ་བྱའི་ཨང་ཀི་ ༡༥ ཡོད་པ་གཤམ་གསལ་ལྟར།
Sl.no. | UG aggregate % | Points |
1 | 50-59 | 3 |
2 | 60-69 | 6 |
3 | 70-79 | 9 |
4 | 80-89 | 12 |
5 | 90-100 | 15 |
ཁ། ཉི་ཧོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་ཚེ་ཨང་ཀི་ ༥ ཡོད།
ག། ངག་རྒྱུགས་ལ་ཨང་ཀི་ ༨༠ ཡོད།
༣། འདེམས་ཐོའི་ནང་འཁོད་པའི་སྙན་འབུལ་བ་ ༤ ནས་མཐའ་མའི་འདེམས་སྒྲུག་ཆེད་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༢༠༡༩ ཟླ་ ༨ པའི་གཟའ་འཁོར་གསུམ་པའི་ནང་ངག་རྒྱུགས་བླང་རྒྱུ། ངག་རྒྱུགས་དུས་ཚོད་དང་ཚོགས་ཡུལ་རྗེས་སོར་བརྡ་ལན་འབུལ་རྒྱུ།
མཆན།
༡། གསལ་བསྒྲགས་འདི་གཟབ་ནན་གྱིས་བཀླག་སྟེ་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པར་འབུལ་དགོས། ཡིག་ཆ་མ་ཚང་བའི་སྙན་ཞུ་རྣམས་ངོས་ལེན་བྱ་རྒྱུ་མིན།
༢། ཕྱིར་བསྐྱོད་ལག་དེབ་སེར་པོ་ཕྱི་ལོ་ ༢༠༢༠ ཟླ་ ༣ ནང་ཚུད་ཐོན་ཐབས་དོ་བདག་སོ་སོས་འགན་འཁུར་དགོས་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༠༡ ལ།།
འབྲེལ་གཏུག་ཞུ་ཡུལ།
བསོད་ནམས་བཟང་མོ། [email protected]
ཚེ་རིང་ཆོས་འཛོམས། [email protected]
Department of Education, CTA
Gangchen Kyishong, Dharamsala – 176215
District Kangra, Himachal Pradesh, India
Phone no. +91.01892.226695, 222572 and 222721
Website: www.sherig.org, www.lamton.org, www.facebook.com/doe.lobyon