ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ ཉིན་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ kailash Satyarthi མཆོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཞུའི་ཆེད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཅར་འདུག
དེ་ཡང་དབུ་ཁྲིད་རྣམ་གཉིས་ཁ་སང་དང་དེ་རིང་མཇལ་འཕྲད་ཀྱིས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཐོག་བཀའ་བསྡུར་མཛད་འདུག་པ་མ་ཟད། སང་ཉིན་སླར་ཡང་མཇལ་འཕྲད་ཀྱིས་བཀའ་མོལ་མུ་མཐུད་མཛད་གཏན་འཁེལ་ཡོད་འདུག མཇལ་འཕྲད་དེའི་སྐོར་ཁོང་གིས་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་ཐོག་གསུང་དོན། “བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་རྒྱུ་ནི་དུས་རྟག་ཏུ་སེམས་ནང་སྤྲོ་སྣང་ཧ་ཅང་སྐྱེ་གཞི་ཞིག་དང་། བསྟན་བཤིག་སློང་རྒྱུའི་གོ་སྐབས་ཤིག་ཀྱང་ཡོད། ངས་མགོན་པོ་གང་ཉིད་མཆོག་དང་ལྷན་བྱམས་བརྩེའི་ཉམས་ལེན་གོང་མཐོར་ཇི་ལྟར་གཏོང་དགོས་པ་དང་། དེ་བརྒྱུད་ད་ལྟ་དཀའ་རྙོག་ཧ་ཅང་འཕྲད་བཞིན་པའི་འཛམ་གླིང་ནང་ཞི་བདེ་གོང་འཕེལ་ཇི་ལྟར་གཏོང་ཐུབ་མིན་ཐད་གོ་བསྡུར་སྦྱང་བཤད་ཞུ་བཞིན་ཡོད། ” ཅེས་འཁོད།