ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །འདི་ག་དབུས་འོས་བསྡུ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༥ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༧ ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དང་། ཕྱི་ཚེས་ ༢༨ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས། ཕྱི་ཚེས་ ༢༩ སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས། ཕྱི་ཚེས་ ༣༠ ཉིན་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས། ཕྱི་ཟླ་ ༦ ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁག་སོ་སོར་ཆེད་ཕེབས་ཀྱིས་མང་ཚོགས་ལ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཙོས་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་དང་ལམ་སྟོན་ཁག་གོ་རྟོགས་སྤེལ་ཆེད་ཕེབས་རྒྱུ་ཡིན་འདུག་པ་བཅས། །