ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །དྷ་ས་ནང་ཆོས་ངོ་སྤྲོས་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབས་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་ཕག་ཟླ་བ་ ༣ ཚེས་ ༣༠ དང་། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་གཏན་འཁེལ་ཞིང་། ཉིན་རྒྱབ་གསུང་ཆོས་མེད། ཕྱི་ཚེས་ ༤ ཉིན་དགེ་བཤེས་གཞན་གྱི་བསྐྱར་བཤད་ལས་ཆིབས་སྒྱུར་མེད།
ཕྱི་ཚེས་ ༥ ཉིན་རྫོང་དཀར་ཆོས་སྡེ་ནས་ཇི་ལྟར་གསོལ་འདེབས་ལྟར་སྔ་དྲོའི་ཆུ་ཚོས་ ༩ ནས་ ༡༠།༣༠ བར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་རྒྱུ། གོང་གསལ་གསུང་ཆོས་རིང་སྐབས་འཕྲལ་ཨིན་ཇི་དང་རྒྱ་གར་། ཉི་ཧོང་། རྒྱ་ནག ཝི་ཏི་ནམ། ཀོ་རི་ཡ། སི་པེན་བཅས་ཀྱི་སྐད་ཐོག་གསུང་སྒྱུར་ཞུ་རྒྱུ་ཡིན་པས་ཉན་བྱེད་འཕྲུལ་ཆས་ FM མཉམ་ཁྱེར་ཆོག་པ་དང་། དེ་མིན་ལག་ཐོགས་ཁ་པར་དང་། པར་ཆས་སོགས་གློག་ཆས་རིགས་ཁྱེར་མི་ཆོག ཆུ་ཚོད་ཕྱེད་ཀའི་གོང་གྲལ་འཁོད་ཟིན་པ་དགོས་རྒྱུ་བཅས་ཀྱི་ཆོས་བརྡ་གསལ་བསྒྲགས་སུ།