ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ ནས་ ༢༢ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་ལྡི་ལི་ནས་ལྡེ་ར་ལྡུན་གནམ་ཐང་དུ་ཕེབས་འབྱོར་གྱིས་ས་གནས་གླིང་ཚང་གཞིས་ཆགས་དང་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་ཕེབས་རྒྱུ། ཕྱི་ཚེས་ ༡༩ ཉིན་ས་ཊོན་ཁམས་ཀཿ ཐོག་གཞིས་ཆགས་དང་ཀུམ་རའོ་གཞིས་ཆགས་སུ་ཕེབས་རྒྱུ། ཕྱི་ཚེས་ ༢༠ ཉིན་དོན་གྲུབ་གླིང་གཞིས་ཆགས་དང་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་རྒྱུ། ཕྱི་ཚེས་ ༢༡ ཉིན་ལྡེ་ར་ལྡུན་ཝ་ན་ཚོགས་པར་ཕེབས་རྒྱུ། ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །