ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་ཐོག་སྐུ་མགྲོན་གཙོ་བོར་ངོ་བཅར་གནང་རྒྱུ་ཡིན།
དེ་ཡང་དཔལ་ལྡན་བཀའ་བློན་མཆོག་དེ་རིང་སྔ་དྲོ་ཆུ་ཚོད་ ༦ པའི་ཐོག་རྡ་ས་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༥ ཉིན་བཀྲ་ཤིས་ལྷུན་པོའི་དགོན་དུ་མཛད་སྒོར་ཆེད་བཅར་གནང་རྒྱུ་ཡིན་པ་བཅས། །
ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
གསར་གནས།
འབྲེལ་གནས།