༢༠༡༩ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པའི་ཉིན་འདི་ག་ཕྱི་དྲིལ་བོད་ཀྱི་གསར་ལས་ཁང་གི་བརྙན་འཕྲིན་ཚན་པའི་གསར་འགོད་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ས་རྭ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་ལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ བཞེས་པའི་སྐོར་བཅར་འདྲི་དང་ལེན་གནང་བ་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་སྒྲ་ཕབ་ཟུར་འདོན་ཞུས་པ་གཤམ་གསལ།
དྲི་བ། པཎ་ཆེན་རིན་པོ་ཆེ་ཞེས་པའི་མཚན་
ལན། པཎ་ཆེན་སྐུ་འཕྲེང་རིམ་བྱོན་དང་བོ
༸རྒྱལ་མཆོག་སྐུ་འཕྲེང་ལྔ་པའི་སྐབས་
ཕྱི་ཟླ་ ༡ ཚེས་ ༣༠ གཡས་གཡོན་ལ་བཀྲ་ཤིས་ལྷུན་པོའི་ད
༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྗག
༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་
དྲི་བ། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་
ལན། ཕྱི་ལོ་ ༡༧༩༣ ལོར་རྒྱ་ནག་མན་ཇུ་གཞུང་གིས་རྩ་
ཕྱོགས་མཚུངས་གསར་འགོད་པས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་རྟེན་སྐྱིད་ལགས་ལ་བཅར་འདྲི་ཞུ་སྐབས་གསུང་དོན། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལ་བཞེས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད། འོན་ཀྱང་དེ་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་བྱས་རྗེས་ད་བར་ཁོང་དང་ཁོང་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་བ་རེད། རྒྱ་ནག་གཞུང་གི་བྱེད་བབ་དེས་རྒྱལ་སྤྱིའི་ཆོས་དད་རང་དབང་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ནས་ཡོངས་སུ་ཁྲིམས་འགལ་ཆགས་ཡོད། དཔེར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ Universal Declaration of Human Rights དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ UN Charter ཡོད། ཕྱོགས་མཚུངས་སྤྱི་དམང་དང་ཆབ་སྲིད་ཀྱི་ཐོབ་ཐང་ Civil and Political Rights ཞེས་པ་ཡོད། དེ་དག་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་བ་ཙམ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལའང་རྡོག་རོལ་བཏང་ཡོད། དཔེར་ན་རྩ་ཁྲིམས་དེའི་ནང་གི་དོན་ཚན་ ༣༦ ནང་མི་སེར་ཡོངས་ལ་ཆོས་དད་རང་དབང་ཡོད། ཅེས་འཁོད་ཡོད། ཅེས་སོགས་ལན་འདེབས་གནང་།