ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ མཚན་མོ་ལྷ་སའི་ཆུ་ཚོད་ ༡༠ མ་ཟིན་ཙམ་ལ་ལྷ་ལྡན་ནོར་གླིང་བསྐལ་བཟང་ཕོ་བྲང་ནས་སྐུ་ཕྱྭའི་ཉེན་གཡོལ་སླད་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཆིབས་སྒྱུར་དབུ་འཛུགས་མཛད་ནས་ཉིན་གྲངས་བཅུ་བཞིའི་རྗེས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༠ ཉིན་འཕགས་བོད་ས་མཚམས་ཆུ་དྭངས་མར་༸ཞབས་སོར་བདེ་བར་འཁོད་དེ་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་བསྟུན། ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་གྲོང་ཁྱེར་མི་ནཱི་ཡ་ཕོ་ལི་སིའི་ Minneapolis གྲོང་སྡེ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་འདུག་པ་བཅས། །