༢༠༡༩ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཡུ་རོབ་གྱི་གྲོང་སྡེ་ལས་ཁུངས་ཁག་ནས་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་འཆར་ཅན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་བརྟེན་ད་ཆ་རྒྱུན་ལྡན་གྱི་བྱེད་སྒོ་ལྟ་བུ་ཆགས་ཡོད་པ་མ་ཟད། གྲོང་སྡེ་ལས་ཁུངས་ཁག་ཅིག་གིས་ཉིན་ལྟར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་ཡོད་ཅིང་། ལོ་འདིའི་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་མ་ཞུས་གོང་སྐུ་ཚབ་དོན་ཁང་ནས་ཡུ་རོབ་ཁུལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་རྣམས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་ཆེད། བོད་ཀྱི་རྒྱལ་དར་དང་། རྒྱལ་དར་གྱི་ངོ་སྤྲོད། ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་བཅས་ཁྱོན་བསྡོམས་གྲངས་ ༡༧༠༩ ཕུལ་བའི་ཁོངས། ཕ་རན་སིའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་རྫོང་དཔོན་ལས་ཁུངས་དང་།
བོད་ནང་གི་གྲོང་ཁྱེར་ས་ཁུལ་ཁག་ཅིག་ལ་རྒྱབ་སྐྱོར་གནང་མཁན་རྫོང་ལས་ཁུངས། སྦེལ་ཇམ་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་རྫོང་དཔོན་ལས་ཁུངས། ལུགས་ཟམ་བྷག་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་རྫོང་དཔོན་ལས་ཁུངས། ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། སྦེལ་ཇམ་དང་ནེ་ཌར་ལེན་ཌི། སི་པན་བཅས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ཡུ་རོབ་མཐུན་ཚོགས་སུ་རྒྱལ་ཁབ་སོ་སོའི་གཏན་འཇགས་སྐུ་ཚབ་ཁག ཡུ་རོབ་གྲོས་ཚོགས་འཐུས་མི་བཅས་ཡིན་འདུག
དེ་ཡང་གྲོང་སྡེ་ལྷན་ཁང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་དགའ་སྤྲོའི་ངང་ནས་བོད་ཀྱི་རྒྱལ་དར་མུ་མཐུད་སྒྲེང་འཛུགས་གནང་བཞིན་ཡོད་པ་དང་། བོད་དོན་ལ་གདུང་སེམས་མཉམ་སྐྱེ་
ཐུགས་རྗེ་ཆེ་ཞུའི་ལོ་དང་བསྟུན། སྦར་སིལ་སྐུ་ཚབ་དོན་ཁང་ནས་བོད་ཀྱི་རྒྱལ་དར་ལོ་ ༣༠ ལྷག་སྒྲེང་འཛུགས་གནང་མཁན་རྣམས་ལ་དམིགས་ནས་ཆེས་མཐོང་དང་། ཡུ་རོབ་ཀྱི་མི་སྒེར་ནས་ལྷག་བསམ་ཟོལ་མེད་ངང་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུའི་ཚུལ་དུ་འདས་ལོའི་ནང་སྐུ་ཚབ་དོན་ཁང་ནས་ ” བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་ཐུགས་རྗེ་ཆེ་ ” ཞེས་པའི་དེབ་ཞིག་ཀྱང་པར་སྐྲུན་ཞུས་ཡོད།