ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོ
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གི
གཞན་ཡང་ང་ཚོའི་དགོན་སྡེ་ཁག་གི་ནང་མཆིན་པའི་གཉེན་ཚད་ཀྱི་ནད་གཞི་ཤུགས་ཆེ་ཙམ་ཡོད་པའི་དབང་གིས་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་ཞིག་འདས་གྲོངས་སུ་ཕྱིན་པར་བརྟེན་ཕྱི་ལོ་ ༢༠༡༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་སྔོན་འགོག་ཐོག་འཐུས་ཤོར་འགྲོ་ཡོད་ས་རེད་ཅེས་བཀའ་སློབ་ཟབ་མོ་ཕེབས་པའི་རྩ་བ་གཅིག་དེར་ཐུག་ཡོད་ས་རེད། དེར་བརྟེན་ད་ང་ཚོས་གང་བྱེད་དགོས་འདུག ཇི་ལྟར་བྱེད་དགོས་འདུག དེ་དག་གི་ཐོག་ཚང་མས་འགན་བཞེས་པའི་ཐོག་ནས་ཤུགས་རྒྱག་ན་མ་གཏོགས་ད་དུང་མ་མཐུད་རྒྱུན་རིང་གནས་པ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ལ་ཨ་ཁ་ད་གང་ཡིན་ནམ་དགོངས་པ་ཡིན་ན། ང་ཚོས་དཀའ་ལས་ག་ཚོད་བརྒྱབ་པ་ཡིན་ནའང་དོན་འབྲས་མ་སོན་པའི་གནས་སྟངས་ཆགས་ཀྱི་ཡོད།
བོད་མིའི་སྒྲིག་འཛུགས་དང་རོགས་སྐྱོར་གནང་མཁན་ཚོ་ཡིན་ནའང་རེད། ད་ལྟའི་ཆར་ PRM རོགས་ཚོགས་ངོས་ནས་མཆིན་པའི་གཉེན་ཚད་ལས་གཞིའི་ཐོག་ཞིབ་མཇུག་མཐིལ་ཕྱིན་པ་བྱས་པ་བརྒྱུད་ནད་པར་སྨན་བཅོས་མཐུན་རྐྱེན་ཇི་ལྟར་སྐྲུན་ཐུབ་ས་རེད། དེ་དག་ཚང་མ་འཆར་གཞིའི་འགོད་རྒྱུར་དགོངས་པ་བཞེས་པའི་ཐོག་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ དང་ ༢༠ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། དགའ་ལྡན་བྱང་རྩེ་སྤྱི་ཚོགས་འཕྲོད་བསྟེན་སྨན་ཁང་གཉིས་ཟུང་སྦྲེལ་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་དགའ་ལྡན་བྱང་རྩེའི་སྨན་ཁང་དུ་མཆིན་ནད་དུག་ཐབས་ཁ་པའི་ནད་གཞི་སྔོན་འགོག་སད་སྨན་བཅོས་ཞུ་ཕྱོགས་ཀྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད།
ལྷག་དོན་དུ་དེ་རིང་འདིར་སྨན་རྩིས་ཁང་གི་སྨན་པ་བཞི་ཕེབས་ཡོད་པ་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ཕན་ཐོགས་ཇི་ལྟར་ཡོང་གི་ཡོད་པའི་སྐོར་དེ་དག་ཕྱི་ལུགས་སྨན་པས་མཁྱེན་དགོས་རྒྱུ་གནད་འགག་ཆགས་ཀྱི་འདུག གང་ཡིན་ཞེ་ན་འདས་པའི་ལྔ་དང་ལྔ་བཅུའི་ཚོགས་སྐབས་འཕྲོད་བསྟེན་ཚོགས་ཆུང་ནས་ང་ཚོ་ཟུང་འབྲེལ་ཐོག་ཤུགས་རྒྱག་དགོས་འདུག་ཅེས་རྒྱབ་གཉེར་ཤུགས་ཆེན་པོ་ཡོད་པ་རེད། རྒྱ་གར་གཞུང་དང་གྲོས་ཚོགས་ནས་ཕྱི་ལོ་ ༢༠༡༠ ནས་གསོ་རིག་གཏན་འབེབས་གནང་ཟིན་པ་རེད། དེ་བཞིན་དཔེར་ན་སུད་སི་ནང་པདྨ་ཉེར་ལྔ་ངོས་འཛིན་ཞུས་ཟིན་པ་རེད། ཕྱིའི་རྒྱལ་ཁབ་ནས་ཡིན་པའི་ཕྱི་ལུགས་སྨན་པ་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོག་ཞིབ་འཇུག་དང་དོ་སྣང་གནང་གི་འདུག དེར་བརྟེན་ང་ཚོས་སོ་སོའི་རིག་གཞུང་དང་ཕུགས་གཏུག་ས་ཡིན་སྟབས། དེར་དོ་སྣང་དགོས་རྒྱུ་གནད་འགག་ཆེན་པོ་ཆགས་འདུག་པ་མ་ཟད། འདིའི་མང་ཚོགས་ལ་ཕན་གྱི་ཡོད་པ་དངོས་སུ་ར་འཕྲོད་ཟིན་པའི་གནས་སྟངས་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །