ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༡ རེས་གཟའ་ཕུར་བུ།
༅། །འདས་པའི་ལོ་ངོ་དྲུག་ཅུ་རིང་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་ཤར་དབུས་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic དང་། བྷུལ་ག་རི་ཡ། Bulgaria པི་རག Prague སོགས་ཀྱི་རྒྱལ་ཁབ་ནང་གི་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོང་སྡེ་ཁག་གི་ཚོགས་ཁང་གི་མདུན་དང་། སློབ་གྲྭ་སོགས་ཀྱི་ནང་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས། །