ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༥ ནས་ ༡༨ བརཉིན་གྲངས་ ༡༤ རིང་ཕ་རན་སི་རྒྱལ་ས་པེ་རི་སི་དང་། སྦེལ་ཇམ་རྒྱལ་ས་སྦར་སིལ། ཧོ་ལེནྜ། འཇར་མ་ནི། དེ་བཞིན་སུད་སི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་བཀའ་བློན་མཆོག་ཟླ་འདིའི་ཕྱི་ཚེས་ ༡༠ རེས་གཟའ་ཉི་མ་ཉིན་སྦར་སིལ་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༦༠ ཐོག་མཉམ་ཞུགས་གནང་རྒྱུ་དང་། དེ་བཞིན་ཡུ་རོབ་ཁུལ་གནས་སྡོད་བོད་མི་རྣམས་ལ་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༧ ཉིན་ལྡི་ལི་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས། །