ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་ནས་ཡིན་པའི་དགེ་བཤེས་ལྷ་རམས་པ་རྗེ་བཙུན་རྡོ་རྗེགས་ལགས་ཀྱིས་གཙོས སོག་རིགས་གྲངས་ ༢༢ དང་། དེ་བཞིན་ཉི་ཧོང་བ་ལྔ་དང་ཨིན་ཇི་བ་གཉིས་བཅས་ལ་དམིགས་བསལ་མཇལ་ཁ་སྩལ་ཡོད།
སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་རྗེ་རིན་པོ་ཆེས་སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོར་བརྩིས་གནང་ཡོད། ངོས་ཀྱིས་རྒྱ་གར་ནང་དུ་སེར་སྐྱ་ཕོ་མོ་དབྱེ་བ་མེད་པར་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་རེད་ཅེས་བཤད་བཞིན་ཡོད། སློབ་གྲྭའི་དགེ་རྒན་ནང་དུ་དེ་སྔ་ཆོས་དགེ་ཟེར་བའི་མིང་ངོས་ཀྱིས་བསྒྱུར་བཅོས་བཏང་ནས་ལྟ་གྲུབ་དགེ་རྒན་ཞེས་བཏགས་པ་ཡིན། ཆོས་འཛམ་གླིང་མི་རིགས་ཚང་མར་སོ་སོའི་སྨོན་ལམ་རྒྱག་པ་དང་འདོན་པ་འདོན་རྒྱུ་ཡོད་པ་རེད། ལྟ་གྲུབ་བསླབ་རྒྱུ་ནི་སྤྱིར་ནང་པ་དང་དེའི་ནང་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ལ་མ་གཏོགས་ཡོད་པ་མ་རེད།
དེང་སང་བོད་ཀྱི་ནང་པ་དེ་ནཱ་ལེནྡྲ་ནས་བརྒྱུད་པ་དང་། ང་ཚོ་བོད་པ་ཚོས་སློབ་སྦྱོང་བྱེད་པ་ལ་ཧ་ཅང་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་དེང་སང་ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་བྱེད་པ་ཡོང་གི་འདུག ཁོང་ལྟ་བུར་མཚོན་ན་གྲྭ་ས་ལ་ཡོང་། དཔེ་ཆར་བལྟས་ནས་མིག་དཔེ་མཚོན་གྱི་ཡོད་པ་རེད། སྔ་མོ་ཕྱི་ལོ་ ༡༩༥༩ ལོར་འདིར་སྤོས་ནས་ཡོང་བ་རེད། དེ་དུས་ལྷ་སར་སོག་པོའི་དགེ་བཤེས་མང་པོ་ཡོད་པ་རེད། སྔ་མོ་ལོ་རྒྱུས་ཀྱི་ནང་ལ་སོག་པོའི་གྲྭ་རྒྱུན་ཞིག་ཡིན་ཕྱིན་ཆད་ལ་ཕལ་ཆེར་དཔེ་ཆ་བ་མ་གཏོགས་སོག་པོ་རྡོབ་རྡོབ་འཁྲབ་སྡོད་མཁན་གཅིག་ཀྱང་ཡོད་པ་མ་རེད། དེར་བརྟེན། ཁྱོད་རང་ཚོས་སློབ་སྦྱོང་ལ་དོ་སྣང་བྱོས། ཞེས་བཀའ་སློབ་སྩལ། །