ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་སྒྱུར་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་དང་། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱྭ་སྲུང་སྐྱོབ་ཆེད་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༠ འཁོར་བ་དང་། དུས་མཚུངས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་ལོ་རྒྱུས་ཁག་ཐེ་ཝན་མི་མང་དང་། ལྷག་པར་རྒྱ་ནག་སྐམ་སའི་ཡུལ་མི་ཚོས་ཤེས་རྟོག་ཐུབ་སླད་འགྲེམས་སྟོན་གྱི་ལམ་ནས་བོད་དོན་ངོ་སྤྲོད་གནང་ཡོད་པ་རེད།
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་ཐུན་མོང་ཐོག་ཕྱི་ཟླ་ ༣ ཚེས་ ༣ ནས་ ༡༥ བར་ཐེ་ཝན་རང་དབང་ཐང་ཆེན་མདུན་བོད་ལུགས་ཀྱི་གུར་ནང་ ༼ བོད་རང་དབང་ཆེད་བཙན་བྱོལ་ལོ་ ༦༠ འགྲེམས་སྟོན། ༽ ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་དང་། འགྲེམས་སྟོན་གྱི་ནང་དོན་གཙོ་བོ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བོད་ཀྱི་ཤེས་བྱའི་ཁོངས་བོད་ཀྱི་ས་ཁམས་དང་། རྒྱལ་གླུ། རྒྱལ་དར། ཕྱི་འབྲེལ་ཡིག་ཆ། བོད་དངུལ་སོགས་ངོ་སྤྲོད། དེ་བཞིན་འདས་པའི་ལོ་ངོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་དང་ལག་བསྟར། གཞིས་བཞུགས་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་རབ་དང་རིམ་པ་ཁག བཙན་བྱོལ་ནང་བོད་མིའི་ཆོས་སྒར་དང་གཞིས་སྒར་སོགས་གསར་འཛུགས་ཀྱིས་ཆོས་དང་། རིག་གཞུང་། ཤེས་ཡོན་སྲུང་སྐྱོབ་དང་གོང་འཕེལ། དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་བཙུགས་ནས་ལོ་ ༢༠ རིང་ཐེ་ཝན་གཞུང་མང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་དོན་ལས་འགུལ་སོགས་ངོ་སྤྲོད་དང་འདྲ་པར་མཉམ་སྦྱར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་རེད།
དེ་བཞིན་འདི་ལོ་བོད་མིས་རང་དབང་སྒེར་ལངས་བྱས་ཏེ་ལོ་ ༦༠ དང་། ཉེ་ཆར་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོས་རྒྱ་ནག་གཞུང་དང་ཞི་བའི་གྲོས་མཐུན་བཞག་རྒྱུའི་བསམ་འཆར་བཏོན་པ་སོགས་ཀྱིས་རྐྱེན་པས། ཐེ་ཝན་གྱི་སྤྱི་ཚོགས་ནང་བགྲོ་གླེང་ཧ་ཅང་ཤུགས་ཆེ་བྱུང་ནས་ཐེ་ཝན་གྱི་བརྙན་འཕྲིན་ཆེ་ཁག་དང་། རླུང་འཕྲིན། གསར་ཤོག དྲ་རྒྱའི་གསར་འགྱུར་སྡེ་ཁག་སོགས་ནས་དོ་སྣང་ཆེན་པོས་གཙོ་བོ་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ལ་ ༡༩༥༡ ལོར་བོད་དང་རྒྱ་ནག་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པའི་བརྒྱུད་རིམ་དང་། གྲོས་མཐུན་བཞག་རྗེས་བོད་མིར་འཕྲད་པའི་དཀའ་སྡུག འདས་པའི་ལོ་དྲུག་ཅུའི་རིང་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་སོགས་ལ་བཅར་འདྲིའི་ལེ་ཚན་ཧ་ཅང་མང་པོ་གསར་འགྱུར་བརྒྱུད་ལམ་ཐོག་ཐོན་ཐུབ་ནས་བོད་དོན་ངོ་སྤྲོད་རྒྱ་ཆེན་པོ་སྤེལ་ཐུབ་ཡོད།
ཉེ་ཆར་ཐེ་ཝན་གསར་འགྱུར་
བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་ཉིན་མོར་ཐེ་ཝན་གོ་མིན་
དེ་བཞིན་ཕ་རན་སིའི་གསར་འགོད་པས་
གཞན་ཡང་ཕྱི་རྒྱལ་གྱི་ཨེ་ཤི་ཡ་
ཕྱོགས་མཚུངས་ཐེ་ཝན་ནང་ཐེབས་རྩ་
དེ་བཞིན་ཚོགས་འདུའི་ནང་བོད་དོན་
རྒྱལ་སྤྱི་ཡིན་ན་རེད། ཐེ་ཝན་ཡིན་ནའང་རེད། བཙན་བྱོལ་ནང་ལོ་ངོ་ ༦༠ འགོར་བ་རེད་དེ་བོད་དོན་ཐོག་དོ་