ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ རེས་གཟའ་པ་སངས།
༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་འཆར་ཕར་ལས་གཞི་མི་ཉུང་བ་ཞིག་བསྒྲུབ་དགོས་ཡོད་ན། ལོ་གཅིག་དང་ཕྱེད་ཀའི་དུས་ཚོད་རྒྱས་བཅད་ནང་ཁོར་ཡུག་དང་། བུད་མེད་ཀྱི་གནས་སྟངས་སྐོར་བཅས་ཉམས་ཞིབ་གནང་མཁན་ཉམས་ཞིབ་པ་གཉིས་ཀྱི་ས་མིག་སྟོང་པ་ཡོད་ན། གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༠ འགྱངས་མེད་འཚང་སྙན་འབུལ་གནང་ཡོང་བ་ཞུ།
དགོས་མཁོའི་ཆ་རྐྱེན་ཁག
༡། ཁོར་ཡུག་ཉམས་ཞིབ་པའི་མི་འགྲོ་ལ་ཁོར་ཡུག་དང་འབྲེལ་བའི་སློབ་སྦྱོང་དང་ཟབ་སྦྱོང་སོགས་གནང་མྱོང་ཡོད་པ།
༢། བུད་མེད་ཀྱི་གནས་སྟངས་ཉམས་ཞིབ་གནང་མཁན་ལ་བུད་མེད་དང་། ཡང་ན། ཕོ་མོའི་དབྱེ་བའི་སྐོར་སློབ་སྦྱོང་གནང་མྱོང་ཡོད་པ།
༣། ཤེས་ཚད་ཨང་ཤོག་དང་། ལག་ཁྱེར་གྱི་ངོ་བཤུས།
༤། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ། གཉིས་པ་དང་། མཐའ་མའི་ངོ་བཤུས།
༥། གནས་ཡུལ་རྒྱལ་ཁབ་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་ཁྱེར་ (R.C) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༦། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོ་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱོར་ཐོག་དག་མཆན་ལས་དམ་འཁོད་པ།
༧། གལ་སྲིད་ད་ལྟའི་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
༨། ལོ་གསུམ་རིང་ལས་ཀའི་ཉམས་མྱོང་ཡོད་པའི་ཁུངས་སྐྱེལ་ངོས་སྦྱོར།
གོང་གསལ་ཡིག་ཆའི་ངོ་བཤུས་ཚང་མར་ས་གནས་འགོ་འཛིན་ནམ། ཡང་ན་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་ལས་དམ་དང་མཚན་རྟགས་འཁོད་པ་བཅས་ངེས་འབུལ་དགོས།
འཚང་སྙན་འབུལ་ཡུལ་ཁ་བྱང་།
Director
Tibet Policy Institute
Central Tibetan Administration
Dharamshala
Distt. Kangra, H.P.
Email: [email protected]