ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ ནས་ ༢༥ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་འབྲས་བློ་གླིང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆུང་ནས་གོ་སྒྲིག་ཞུས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༣ པའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ངོ་བཅར་དང་། དེ་བཞིན་ཕྱི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་སྟེན་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་རྒྱལ་ཡོངས་སིལ་སྤོལ་འགྲན་བསྡུར་གྱི་ཉིན་མཐའ་མའི་སྐུ་མགྲོན་གཙོ་བོར་ངོ་བཅར་གནང་རྒྱུ་བཅས་རེད་འདུག།