ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྡེ་ཚན་ནང་ཆེད་ལས་བྱེད་གཅིག་དྲུང་གཞོན་ལས་རོགས་གནས་རིམ་ཚད་མཉམ་ཐོག་བསྐོ་གཞག་བྱ་རྒྱུ་ཡིན་པ་ལས་ཀའི་ངོ་བོ་དང་ཆ་རྐྱེན་གཤམ་གསལ།
ཀ༽ ངོ་བོ།
༡། ལས་གནས་ཀྱི་མིང་། ལས་འཆར་ལག་བསྟར་རྟོག་ཞིབ་པ། Monitoring and Evaluation Officer
༢། ས་མིག་གྲངས། གཅིག
༣། རང་གཞིན། ཆོད་གན།
༤། གནས་རིམ། དྲུང་གཞོན་ལས་རོགས་ཚད་མཉམ།
ཁ༽ ལས་འགན།
ལས་འཆར་དང་འབྲེལ་བའི་ལག་བསྟར་གནས་སྟངས་དང་། གྲུབ་འབྲས་གནས་སྨིན་ཐད་དཔྱད་ཞིབ་ཀྱིས་གྲངས་ཐོ་དང་ལེགས་སྤེལ་ངན་འགོག་གི་སྙན་ཐོ་རྣམས་ཁུངས་སྐྱེལ་ར་འཕྲོད་ཀྱིས་དུས་བཀག་ནང་ཚུན་འབུལ་ཐུབ་མཁན།
ག༽ ཆ་རྐྱེན།
༡། ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA/B.Com/B.Sc) ཐོན་པའི་ལག་འཁྱེར་ཡོད་པ།
༢། བོད་ཨིན་གཉིས་ལ་བྲིས་ཀློག་འཆད་གསུམ་རང་སྐྱ་འཕེར་ངེས་ཡོད་པ།
༣། གྲངས་ཐོ་བསྡུ་རུབ་དང་འབྲེལ་བའི་ཉམས་ཞིབ་དང་དཔྱད་ཞིབ་ཀྱི་ཤེས་རྩལ་ལྡན་པ།
༤། དགོས་མཁོ་འགྲན་རྩེག་བྱུང་སྐབས་གལ་གནད་ཆེ་ཆུང་ལ་གཞིགས་པས་ལས་རིམ་གོ་སྒྲིག་བྱ་ཐུབ་མཁན།
༥། ཀམ་པུ་ཀྲར་ནུས་རྩལ་རང་སྐྱ་འཕེར་བ། ༼Word Document འགྲེམས་ཤོག་རིའུ་མིག Spreadsheet གྲངས་མཛོད་ Database Programs མཉེན་ཆས་རིགས།༽
ང་༽ ཡིག་ཆ་ཇི་དགོས།
ང་། ༡། ངོ་བཤུས།
༡། ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ Marks Sheet and Degree Certificate གྱི་ངོ་བཤུས།
༢། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་དང་པོ་དང་གཉིས་པ། སྒྲིག་མཐུན་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༩།༣།༣༡ བར་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་གྲངས་མཐའ་མའི་ངོ་བཤུས།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ RC གྱི་ངོ་བཤུས།
ང་།༢། ངོ་མ།
༡། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་ས་རྟགས་འཁོད་པ་ངོ་མ།
༢། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ Character Certificate ངོ་མ།
༣། ད་ལྟའི་ཆར་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
ཅ༽ ཕོགས་དང་མཐུན་རྐྱེན།
༡། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་གཏན་འབེབས་ལྟར་འབུལ་རྒྱུ།
ཆ༽ མཆན།
༡། ཐོག་མར་ཟླ་དྲུག་ཚོད་བལྟ་རྩིས་པའི་ལོ་ངོ་གཉིས་ཀྱི་རིང་ཆོད་གན་ཐོག་བསྐོ་རྒྱུ་དང་། དེ་རྗེས་གཉིས་མོས་བྱུང་ཚེ་ལོ་གཉིས་ཡང་བསྐྱར་ཕར་འགྱངས་བྱ་རྒྱུ།
༢། འཚང་སྙན་དང་ཡིག་ཆའི་ངོ་བཤུས་རྣམས་གློག་འཕྲིན་རྒྱུད་འབུལ་འཐུས་ཀྱང་། ངོ་བཅར་རྒྱུགས་སྤྲོད་ interview སྐབས་ཡིག་ཆ་ངོ་མ་ངེས་པར་དུ་སྟོན་དགོས།
༣། ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་སུ་རུང་གིས་དག་མཆན་ལས་དམ་འཁོད་དགོས།
༤། ལས་འཆར་འཛིན་སྐྱོང་ཐོག་ཉམས་མྱོང་ཅན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ།
གོང་གསལ་ས་མིག་སྐོར་ཞིབ་ཕྲ་མཐུད་ཁ་འདིར་གཟིགས་གནང་ཡོང་བ་དང་། འཚང་སྙན་དང་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་དལ།
འབྲེལ་གཏུགས་བྱ་ཡུལ།
Secretary
Department of Finance, CTA
Gangchen Kyishong, Dharamsala
Kangra Distt, H.P.India- 176215
Tel; 01892-222487,223738, Mobile: 9418157071
Email:[email protected], [email protected]