ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། གངས་སྐྱིད་ལས་བྱེད་གསོལ་ཚང་དུ་མ་བྱན་ལས་རོགས་དང་གཙང་བཟོ་བ་གཅིག་ལྕོགས་ཀྱི་ས་མིག་སྟོང་པ་ཞིག་ཡོད་པར་བཞུགས་བློ་ཡོད་རིགས་ནས་གཤམ་འཁོད་ཆ་རྐྱེན་ཚང་བའི་ཐོག་ཞུ་སྙན་དང༌། ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་ནས་དག་མཆན་དང་ལས་དམ་འཁོད་པའི་ཡིག་ཆའི་ངོ་བཤུས་བཅས་དཔལ་འབྱོར་ལས་ཁུངས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༥ འགྱངས་མེད་ངེས་འབུལ་དགོས་རྒྱུ།
ཀ༽ ཆ་རྐྱེན།
༡། རང་ལོ་ ༢༡ ལས་མི་ཉུང་ཞིང༌། ༤༧ ལས་མ་བརྒལ་བ།
༢། མ་བྱན་གྱི་ལས་མྱོང་ཉུང་མཐར་ལོ་གཅིག་ཡོད་པའི་དན་རྟགས་ཡོད་པ།
༣། ཞལ་ལག་བཟོ་སྦྱོར་གྱི་རྒྱུ་རྩལ་ཐོན་པའི་ལག་འཁྱེར་ཡོད་ན་བརྒྱ་ཆ་ ༥ འཕར་མ་ཐོབ་རྒྱུ།
༤། འགོས་ནད་རིགས་མེད་པའི་གཟུགས་ཐང་ལས་འཕེར་ཡིན་པའི་རང་གཞུང་སྨན་ཁང་གང་རུང་གི་སྨན་པའི་ངོས་སྦྱོར།
༥། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༦། ཕྱི་ལོ་ ༢༠༡༩།༣།༣༡ བར་དྭང་བླང་དཔྱ་དངུལ་ཕུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༧། ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་ངོས་སྦྱོར།
༨། ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱ་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
ཁ༽ བསྐོ་གཞག་གནང་ཕྱོགས།
༡། དང་ཐོག་ཟླ་ ༦ ཚོད་བལྟའི་ངོ་བོར་བསྐོ་གཞག་དང་དེ་རྗེས་ཉིས་མོས་བྱུང་ཚེ་ལོ་གཉིས་རིང་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ།
དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང༌། གློག་འཕྲིན་ Email ID ཁ་པར་ཨང་བཅས་འཚང་སྙན་ནང་ཁ་གསལ་བཀོད་དགོས་པ་དང༌། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་ཀྱིས་འབྲེལ་བ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ ལ།
འཚང་སྙན་འབུལ་ཡུལ།
Secretary
Department of Finance,
CTAGangchen Kyishong,
Dharamsala H.P. -176215 India
Ph: 1892-222487,223738
Email:[email protected]