༢༠༡༩ ཟླ་ ༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་གསར་འཛུག་གནང་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་དམིགས་བསལ་མགྲོན་འབོད་གནང་བ་ལྟར་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༠ ཉིན་ རྡ་ས་བཞུགས་སྒར་ནས་སྤུ་རུ་ཝ་ལར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༡ དང་ ༢༢ བཅས་ཉིན་གཉིས་རིང་མཛད་སྒོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྗེས། ཕྱི་ཚེས་ ༢༤ ཉིན་སྤུ་རུ་ལྦ་ལ་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།