ཕྱི་ལོ་༢༠༡༩ ཟླ་ ༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅།།འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་གནས་ཆེན་ཁག་གཅིག་ལ་གནས་མཇལ་དུ་ཕེབས་ཡོད།
དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་མདོ་གསུང་པའི་གནས་བྱ་རྒོད་ཕུང་པོའི་རི་ལ་གནས་མཇལ་དུ་ཕེབས་ཏེ་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་རྗེས་དཔལ་ནཱ་ལེནྡྲ་སོགས་ལ་གནས་མཇལ་གཟབ་རྒྱས་ཞུས་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་
དཔལ་ལྡན་སྲིད་སྐྱོ