ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དེ་རིང་སྔ་དྲོ་རྡ་ས་ནས་སྡེ་ལྡུན་དོན་གྲུབ་གླིང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་ཕྱི་ཚེས་ ༢༦ ཉིན་དོན་གྲུབ་གླིང་མདོ་སྨད་ས་གནས་རྒྱུན་ལས་ནས་གོ་སྒྲིག་ཞུས་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་སུམ་ཅུ་འཁོར་བའི་དགོངས་རྫོགས་དུས་དྲན་གྱི་མཛད་སྒོར་བཀའ་ཤག་གི་སྐུ་ཚབ་ཐོག་ངོ་བཅར་གནང་རྒྱུ་ཡིན་འདུག་པ་བཅས། །