ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ཕྱི་མི་དེབ་སྐྱེལ་དྲ་རྒྱ་ https://indianfrro.gov.in/frro/Financial_Penalty.pdf ཐོག་གསལ་བསྒྲགས་སྤེལ་གསལ་ལྟར་ན། སྐྱབས་བཅོལ་ལག་འཁྱེར་རམ་ཨར་སི་ RC དུས་ཐོག་དུས་འགྱངས་མ་ཞུ་མཁན་རྣམས་ལ་ཉེས་ཆད་གཏན་འབེབས་གཤམ་གསལ་ལྟར་གནང་འདུག
དུས་ཡུན། | ཉེས་ཆད། |
ཉིན་གྲངས་ ༩༠ བར། | ཨ་སྒོར་ ༣༠༠ ༼ཧིན་སྒོར་ ༢༡༦༠༠།༠༠༽ |
ཉིན་གྲངས་ ༩༡ ནས་ལོ་ ༢ བར། | ཨ་སྒོར་ ༤༠༠ ༼ཧིན་སྒོར་ ༢༨༨༠༠།༠༠༽ |
ལོ་ ༢ ཡན། | ཨ་སྒོར་ ༥༠༠ ༼ཧིན་སྒོར་ ༣༦༠༠༠།༠༠༽ |
འདི་ག་ལས་ཁུངས་ནས་སྐྱབས་བཅོལ་ལག་འཁྱེར་ཟླ་གཅིག་གོང་ངེས་པར་དུས་འགྱངས་ཞུ་དགོས་པའི་སྐོར་སྔ་རྗེས་གསལ་བསྒྲགས་ནན་ཏན་ཞུས་ཡོད་པ་བཞིན་དེ་ལུགས་སེར་སྐྱ་མི་མང་ཚང་མས་དམ་དོན་ཡོང་བ་ཞུ་རྒྱུ་དང་། ཅི་སྟེ་སྐྱབས་བཅོལ་ལག་འཁྱེར་དུས་ཐོག་དུས་འགྱངས་མ་ཞུས་པར་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དགོངས་དོན་ཉེས་ཆད་ཕོག་ཚེ་འདི་ལས་ནས་མཐུན་འགྱུར་གནང་ཐབས་དཀའ་བ་བཅས། དེ་དོན་ཚང་མས་ཡིད་གཟབ་ངེས་གནང་ཡོང་བའི་གསལ་བསྒྲགས་སུ། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ ལ་ཕུལ།།