ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༨ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༡༡།༤༠ ཐོག་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོ གས་འཐུས་མི་ཟུར་པ་སྐུ་ཞབས་པར་ཝི ན་ཀུ་མར་མཆོག་དང་། ཁོང་གི་ལྷན་མངའ་སྡེའི་ལས་བྱེད་ དང་དྭངས་དམག་ཟུར་པ་བཅས་མི་གྲངས་ ༢༠ ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་ དུ་འཚམས་གཟིགས་སུ་ཕེབས་པར་དཔལ་ ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུ ན་ཚོགས་མཆོག་གིས་སྣེ་ལེན་དང་སྦྲ གས།
གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ ཚོགས་གཞོན་མཆོག་གིས་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ དང་མང་གཙོའི་བྱུང་བའི་སྐོར། བོད་དང་རྒྱ་གར་གཉིས་བར་ལོ་རྒྱུ ས་ཀྱི་ཐོག་ནས་འབྲེལ་བ་ཇི་ཡོད་ དང་ལྷག་པར་ཆོས་དང་རིག་གཞུང་། ས་མཚམས། ཁོར་ཡུག་བཅས་ཀྱི་འབྲེལ་བའི་སྐོ ར། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས། བོད་ནང་བོད་མི་རྣམས་ནས་མུ་མཐུད་ དེ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་ སྲིད་བྱུས་ལ་ངོ་རྒོལ་གནང་བཞིན་ ཐོག་བོད་མི་རྒན་གཞོན་བར་གསུམ་ ནས་བོད་ཀྱི་རྩ་དོན་སླད་རང་ལུས་ མེར་བསྲེགས་ཕུལ་བའི་སྐོར། རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་ ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་ དུ་འགྲོ་བཞིན་ཡོད་པའི་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་ བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་ སྐྱོར་ཚོགས་པ་བཅས་ཀྱི་ཐོག་ངོ་སྤྲོ ད་གནང་ཡོད་པ་མ་ཟད། ཁོང་རྣམས་ལ་བོད་ཀྱི་དངོས་ཡོད་ལོ ་རྒྱུས་ལ་ཞིབ་འཇུག་གནང་སྟེ་བོད་ དོན་ཐོག་མ་འོངས་པར་རྒྱབ་སྐྱོར་ གང་ཐུབ་གནང་སྐྱོང་ཡོང་བའི་འབོད་ སྐུལ་ཞུས་གནང་སོང་། དེ་ནས་ཁོང་རྣམས་ལ་བོད་དོན་དང་ འབྲེལ་བའི་དཔེ་དེབ་ཁག་ཅིག་འགྲེ མས་སྤེལ་ཞུས་གནང་རྗེས། ཁོང་རྣམས་ནས་ཀྱང་བོད་ཀྱི་རྩ་དོ ན་ཐོག་གང་ཐུབ་རྒྱབ་སྐྱོར་གནང་རྒྱུ འི་ཞལ་བཞེས་གནང་སོང་བ་བཅས། །