ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣ ནས་ ༨ བར་ཨོ་སི་ཊེ་ལི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཨོ་སི་ཊེ་ལི་ཡ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཨོ་སི་ཊེ་ལི་ཡ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་མཛད་སྒོར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་མཛད་སྒོར་ལྷན་ཞུགས་དང་། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་དང་མཇལ་མོལ། བོད་རིགས་མི་མང་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་སླད་ཨོ་སི་ཊེ་ལི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ་བཅས།།