ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༠ ཉིན་གུང་ཚོུད་ ༡ ཐོག་རྡ་ཤོད་ Centre Point མགྲོན་ཁང་དུ་ Dainik Jagran ཧིན་དྷི་གསར་ཤོག་གི་ལས་ཁང་དབུ་བརྙེས་ནས་ལོ་ངོ་ ༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་ཐོག་འབྲེལ་ཡོད་ནས་མགྲོན་འབོད་ལྟར་བཅར་གནང་བ་དང་། གསར་འགྱུར་ལས་ཁང་དེ་ཉིད་ཕྱི་ལོ་ ༡༩༤༢ ལོར་རྒྱ་གར་ས་ཁུལ་ Jhansi རུ་ཐོག་མར་འགོ་འཛུགས་ནས་ད་ཆ་རྒྱ་གར་རྒྱལ་ཡོངས་ནང་གསར་འགྱུར་ཡོངས་གྲགས་དང་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ K.C. Sharma མཆོག་ནས་གསུངས་གནང་པ་དང་། གཞན་ཡང་སྐུ་མགྲོན་ Kangra Co-operative སྤྱི་ཁྱབ་དང་། Chief Medical Officer གསར་འགྱུར་ལས་ཁང་གི་འགན་འཛིན་གཙོས་པའི་གསར་འགོད་པ་རྣམ་པ་མཉམ་ཞུགས་གནང་ཡོད་པར། སྐུ་མགྲོན་ཁག་ཅིག་ནས་གསུང་བཤད་རིམ་པའི་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གསར་འགྱུར་ལས་ཁང་དེ་ཉིད་ལོ་ངོ་ ༧༥ འཁོར་བའི་འཚམས་འདྲི་ཞུས་པ་དང་། ལྷག་པར་དུ་རྒྱ་གར་རང་དབང་འཐབ་རྩོད་སྐབས་ནས་འགོ་འཛུགས་ཞུས་པའི་གསར་ཤོག་སྙིང་ཤོས་ཡིན་པ་དང་། དུས་ད་ལྟ་བར་མུ་མཐུད་དེ་རྒྱ་གར་རྒྱལ་ཡོངས་ནང་ཡོངས་ཁྱབ་ཐོག་ནས་གནས་ཐུབ་ཡོད་པར་ལེགས་གསོ་དང་བསྔགས་བརྗོད་ཞུས་ཡོད། གསར་འགྱུར་བརྒྱུད་ལམ་གྱི་ཕྱག་ལས་ལས་སླ་པོ་ཞིག་མ་ཡིན་པ་དང་།
ལྷག་པར་ནམ་དུས་དང་ས་ཁུལ་སོགས་ཀྱི་གནས་སྟངས་ལེགས་ཉེ་རྣམ་པ་མ་དབྱེ་བའི་ཐོག་ནས་ཕེབས་དགོས་ཡོད་སྟབས་ལས་ཀའི་ངོ་བོ་དཀའ་ངལ་ཅན་ཞིག་ཡིན་པ་ཡིན་ནའང་། ཁྱེད་རྣམས་ནས་མུ་མཐུད་ནས་གནས་ཚུལ་མཁོ་སྒྲུབ་དང་གསར་འགྱུར་བརྒྱུད་ལམ་ནས་མི་མང་ལ་ཤེས་ཡོན་གྱི་གོ་སྐབས་དང་གནས་ཚུལ་དུས་ཐོག་བསྐྲུན་ཐུབ་ངེས་ཤིག་ཡིན་ན། གསར་འགྱུར་གྱི་རང་བཞིན་ལས་སླ་པོ་མ་ཡིན་པར་དེའི་ཉམས་མྱོང་བོད་མི་ཚོ་ལ་ད་ལྟ་སོ་སོའི་འཐབ་རྩོད་ཀྱི་ཆེད་གསར་འགྱུར་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བཞིན་པར་ད་ལྟ་ང་ཚོ་མྱོང་བཞིན་ཡོད་པ་རེད། གསར་འགྱུར་དེའི་ལས་རིམ་ནང་སྔོན་མའང་བོད་མི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཅར་མྱོང་པ་དང་། དེ་རིང་སླར་ཡང་མགྲོན་འབོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་པའི་གནས་ཚུལ་གང་ལ་གང་ཙམ་གསར་ཤོག་འདི་ནས་འདོན་གནང་གི་ཡོད་པ་ངོས་ནས་ཤེས་བཞིན་ཡོད། དེ་རིང་མཛད་སྒོར་བཅར་རྒྱུའི་གོ་སྐབས་དང་གནད་ཡོད་མི་སྣ་མཇལ་རྒྱུ་བཅས་བྱུང་སོང་བའི་རྣམ་པ་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུས། དེ་ནས་ཚོགས་བཅར་བའི་ཡོངས་ལ་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་གནང་ཡོད་པ་བཅས། །