ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ ནས་ཚེས་ ༢༧ བར་རྡ་ས་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༢ ཉིན་སྔ་དྲོ་རྒྱུད་སྟོད་གྲྭ་ཚང་ལ་ཕེབས་ཐོན་གྱིས་དགེ་འདུན་པ་རྣམས་ལ་གསུང་བཤད་དང་། དེ་ནས་རིམ་བཞིན་གོ་པལ་པུར་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ། མེག་གྷན་ས་གནས། བོད་ཀྱི་ཟློས་གར་ཚོགས་པ། སྨན་རྩིས་ཁང་བཅས་ལ་ལས་རིམ་ཡོད་པའི་གནས་ཚུལ་དུ། །