ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༦ ནས་ ༡༩ བར་ཉིན་གྲངས་བཞིའི་རིང་ཇར་མ་ནི་ནང་གི་གྲོང་ཁྱེར་ཧམ་བྷག་ Hamburg དང་། ཕེ་རེངྐ་ཕོཌ།Frankfurt བྷོན།Bonn བྷ་དེན། Baden དེ་བཞིན་མུན་ཅིན་ Munchin བཅས་ཀྱི་ནང་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གོང་གསལ་ས་གནས་ཁག་གནས་སྡོད་བོད་མི་རྣམས་ལ་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་དགོས་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཡིན་སྐོར་དང་། ལྷག་པར་ཕྱིའི་རྒྱལ་ཁབ་ཀྱི་ཁོར་ཡུག་ནང་གནས་སྡོད་བྱེད་པའི་སྐབས་བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་གོང་འཕེལ་བཏང་བ་བརྒྱུད་བོད་མིའི་འཐབ་རྩོད་ལ་ནུས་པ་དང་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུང་གནང་འདུག་པ་མ་ཟད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་འདུག
གཞན་ཡང་སྐུ་ཚབ་དོན་གཅོད་ཁང་གི་རྩིས་པ་བསོད་ནམས་མཐར་ཕྱིན་ལགས་ཀྱིས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབུལ་ཕྱོགས་ཀྱི་ལམ་སྟོན་ཁག་ངོ་སྤྲོད་གནང་འདུག
སྐབས་དེར་ཇར་མན་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་ཞུས་པ་དང་སྦྲགས། བོད་རིགས་ཚོགས་པའི་ཚོགས་མི་རྣམས་ནས་ལས་དོན་ཚགས་ཚུད་སླད་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་བཅས། །