ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སི་པེན་གྱི་རྒྱལ་ས་མེ་ཌིཌ་ནང་ཕེབས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གསུང་དོན།
བོད་ནང་གི་གནས་སྟངས་ནི། ད་ལྟའི་ཆར་རིག་གནས་གསར་བརྗེ་བསྐྱ
དེ་ཡང་རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ བསྟུད་མར་སྙན་ཐོ་བཏོན་པའི་ནང་
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་ཀྱི་གནད་དོན་གསལ་ཐུབ་སྐོར་གསུང་དོན། དབུ་མའི་ལམ་གྱི་སྲིད་བྱུས་འདིས་
སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཁུལ་དེར་ཕེབས་པར་དགའ་པོ་བྱུང་སྐོར་དང་འབྲེལ་ཐུགས་རྗེ་ཆེ་གསུངས། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རོགས་ཕན་ཇི་ལྟར་ཞུ་དགོས་མིན་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་དགོས་པ་དང་། ལྷག་པར་བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་བོད་ནང་གི་དངོས་ཡོད་དཀའ་ངལ་ལ་གཞིགས་པའི་དཀའ་ངལ་དེ་དག་སེལ་ཆེད་གྲོས་ཆོད་གཞག་ཐུབ་ཐབས་གནང་དགོས་པ་མ་ཟད། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐབས་དགོས་པའི་འབོད་སྐུལ་ཡང་ཞུས་གནང་འདུག
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོང་ཁྱེར་མེཌ་རིཌ་གྲོང་སྡེའི་སྤྱི་ཁྱབ་པ་Mayor of Madrid མཆོག་དང་མཇལ་འཕྲད་གནང་འདུག
དེ་མིན་བོད་ཁང་གི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་རི
རྒྱ་ནག་སྐོར་ཤེས་དགོས་ན། བོད་ཀྱི་སྐོར་ངེས་པར་དུ་ཤེས་དགོས། བོད་ཀྱི་གནས་སྟངས་མ་ཤེས་པར་རྒྱ་ནག་དང་རྒྱ་ནག་གི་ལྟ་གྲུབ་ལངས་ཕྱོགས་ཤེས་ཐབས་མེད། རྒྱ་ནག་གཞུང་གིས་བོད་ནང་བདེ་སྐྱིད་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུའི་ཁས་ལེན་བྱས་པ་ལྟར་ཡར་རྒྱས་ལ་སྙེད་ནས་གཞུང་ལམ་གསར་རྒྱག་དང་། ཟམ་པ་གསར་འཛུགས། དེ་བཞིན་གནམ་ཐང་གསར་སྐྲུན་སོགས་བྱས་པ་མ་ཟད། བླ་སྤྲུལ་དང་བོད་མི་དབང་ཡོད་ཁག་གཅིག་བརྒྱུད་བོད་མི་མང་ཚོགས་ལ་དབང་ཤུགས་སྤྲད་ཐབས་བྱས་ཀྱང་བོད་མིའི་བློ་སེམས་འགུག་མ་ཐུབ་པ་རེད། རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱས་རྐྱེན་བོད་མི་ས་ཡ་གཅིག་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །