༢༠༡༨ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
སྡེ་ཚན་དང་པོ།
འགན་འཛིན་སྡེ་ཚན་ཁོངས་ཟུང་དྲུང་ ༡ ཆེད་དགོས་ངེས་ཆ་རྐྱེན།
༡༽ ཤེས་མྱོང་། ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A/B.Com/B.Sc) གང་རུང་ཐོན་པའམ། དེ་དང་མཉམ་ པའི་ཤེས་ཚད་ལག་འཁྱེར་ཡོད་པའི་ཐོག་ཉུང་མཐར་ལོ་ ༨ ལས་ཀའི་ཉམས་མྱོང་དགོས་པ། (ཉམས་མྱོང་དེ་བཞིན་ཞོར་ལས་མིན་ པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།)
༢༽ ལོ་ཚད། ༢༠༡༩།༡།༤ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༣༥ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་དང། (རྩིས་ཀྱི་ཡིག་རྒྱུགས་ཟུར་དུ་མེད་ཀྱང་བོད་ཨིན་གཉིས་ཀྱི་དྲི་ ཤོག་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འབྲེལ་བའི་སྒྲིག་གཞི་ཁག་གི་ནང་དོན་ས་བཅད་ཟུར་བཀོད་ཀྱིས་དྲི་བ་ཡོང་ རྒྱུ།) བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
སྡེ་ཚན་གཉིས་པ།
བཀའ་དྲུང་ཡིག་ཚང་དུ་ཁྱད་ལས་པ་དྲུང་ལས་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ལས་འགན། དཔལ་ལྡན་བཀའ་ཤག་དང་། སྲིད་སྐྱོང་གི་གསུང་འཕྲིན་ཨིན་ཡིག་ཐོག་བྲིས་བཀོད་དང་། སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་འདོན་ སྤེལ་དང་ཡིག་འབྲེལ་བཅས་ཀྱི་འགན་འཁུར་བྱེད་རྒྱུ།
༢༽ ཤེས་མྱོང། ཚད་ལྡན་མཐོ་སློབ་ཞིག་ནས་ Creative Writing དང་ Mass Communication ཐོག་གཙུག་ལག་རབ་འབྱམས་ཉིས་ བརྩེགས་ (Double Master of Arts in Creative Writing and Mass Communication) བསླབ་པ་ མཐར་སོན་པའི་ལག་འཁྱེར་ཡོད་པའི་ཐོག་ཉུང་མཐར་ལོ་ ༡ ལས་ཀའི་ཉམས་མྱོང་ཡོད་པ། (ཉམས་མྱོང་དེ་བཞིན་ཞོར་ལས་མིན་ པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།)
༣༽ ལོ་ཚད། ༢༠༡༩།༡།༤ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་སམ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།
སྡེ་ཚན་གསུམ་པ།
ཤེས་རིག་ལས་ཁུངས་སུ་དམིགས་བཀར་སྡེ་འགན་ས་མིག་ ༢ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
ཀ༽ ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ ༡ གི་ཆེད།
༡༽ ལས་འགན། བོད་ཡིག་ཐོག་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་། དེབ་གཟུགས་ཇུས་འགོད། རྩོམ་སྒྲུར་བཅས་ཀྱི་འགན་འཁུར་བྱེད་རྒྱུ།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Sc) ཐོན་པའམ་དེ་དང་མཉམ་པའི་ཤེས་ཚད་ ལག་འཁྱེར་ཡོད་པ།
༣༽ ལོ་ཚད། ༢༠༡༩།༡།༤ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་དང། (བོད་ཡིག་གི་དྲི་ཤོག་ནང་ས་བཅད་ཟུར་བཀོད་ཀྱིས་ཚན་རིག་ དང་འབྲེལ་བའི་དྲི་བ་ཡོང་རྒྱུ།) བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
ཁ༽ སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ ༡ གི་ཆེད།
༡༽ ལས་འགན། བོད་ཡིག་ཐོག་སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་། དེབ་གཟུགས་ཇུས་འགོད། རྩོམ་སྒྱུར་བཅས་ཀྱི་འགན་འཁུར་བྱེད་རྒྱུ།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་སྤྱི་ཚོགས་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) ཐོན་པའམ་དེ་དང་མཉམ་པའི་ ཤེས་ཚད་ལག་འཁྱེར་ཡོད་པ།
༣༽ ལོ་ཚད། ༢༠༡༩།༡།༤ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་དང། (བོད་ཡིག་གི་དྲི་ཤོག་ནང་ས་བཅད་ཟུར་བཀོད་ཀྱིས་སྤྱི་ཚོགས་ ཚན་རིག་དང་འབྲེལ་བའི་དྲི་བ་ཡོང་རྒྱུ།) བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་སྡེ་ཚན་གསུམ་གང་རུང་གི་གནས་རིམ་གཅིག་ལ་མ་གཏོགས་སྙན་འབུལ་མི་ཆོག་པ་དང་། བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང། (one passport & one stamp size)
༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། གོང་གསལ་དགོས་མཁོའི་བཞིན་དེའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས།
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་ དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༡༩ ཟླ ༡ ཚེས་ ༤ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོན་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང་། གློག་འཕྲིན། (E-Mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༨ ཟླ་ ༡༡ ཚེས་ ༡༢ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Telephone : 01892-222328
E-mail:[email protected]