ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུ
དེ་ཡང་ཕྱི་ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་རན་ཆིའི་གསར་འགོད་པའི་མཐུན་ ཚོགས་ཀྱི་ཚོགས་ཁང་ནང་བོད་དོན་ཞུ ་སྐུལ་ལས་འགུལ་སྤེལ་ཕྱོགས་དང་། བོད་མི་རྣམས་རྒྱ་གར་བཙན་བྱོལ་དུ ་སླེབས་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུ ན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་ རྗེ་ཆེ་ཞེས་པའི་གསར་འགོད་གསལ་ བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་དུས་བབ་ (Times of India) དང་། ཧིན་དུ་སི་ཐན་དུས་བབ། (Hindustan Times) དེ་བཞིན་ (Kashish News, Jadeed Bharat, Taaza Tv, Sanmark, Aaj News) སོགས་གསར་འགྱུར་ཁང་ཁག་གི་གསར་ འགོད་པ་བཅོ་ལྔ་ཙམ་ཕེབས་གནང་ཡོད་ འདུག་པ་མ་ཟད། གསར་འགོད་པ་དྲུག་ཙམ་གྱིས་བོད་མི འི་མི་འབོར་དང་། ཆོས་དང་རིག་གཞུང་སྐོར། སྔོན་མའི་འཕགས་བོད་ས་མཚམས་དང་། ད་ལྟའི་རྒྱ་དཀར་ནག་གི་ས་མཚམས་ གནས་སྟངས། འབྲི་ཆུ་དང་འབྲེལ་བའི་གནད་དོན། རྒྱལ་ས་རན་ཆིར་གནད་ཡོད་མི་སྣ་ མཇལ་འཕྲད་སྐོར།
བོད་མིའི་དགུན་ཚོང་གི་གནས་སྟངས། རྒྱ་མིའི་མི་འབོར་ཇི་ཙམ་བོད་ཡུ ལ་ནང་སྤོ་ཤུགས་བྱས་ཡོད་མེད། བོད་བརྒྱུད་ནང་བསྟན་འདི་རྒྱ་གར་ ནཱ་ལེནྜའི་པཎ་གྲུབ་ཚོའི་ལྟ་གྲུ བ་དང་བཞེད་སྲོལ་དྲི་མ་མེད་པ་ཞི ག་དར་ཡོད་ཚུལ། གསེར་རྟ་བླ་བྲང་སྐོར། རྒྱ་མིས་བཟོ་བསྐྲུན་བྱས་པའི་ལག་ འཐོགས་ཁ་པར་ནང་ལྐོག་ཉན་ཐུབ་པའི་ འཕྲུལ་ཆས་བཅུག་ནས་གཞིས་ལུས་བོད་ མི་དང་བཙན་བྱོལ་བོད་མིའི་དབར་ འབྲེལ་མོལ་གནང་ཕྱོགས་ཐད་དཀའ་ངལ་ ཇི་ལྟར་བཟོ་བཞིན་པ། བོད་ཡུལ་ནས་ཧ་ཅང་རིན་ཐང་བྲལ་བའི ་གཏེར་ཁ་རྒྱ་མིས་སྔོག་འདོན་བྱས་ དང་བྱེད་བཞིན་པའི་སྐོར། རྒྱ་མིས་ཁ་པར་ནང་གི་ལི་ཐ་ཡམ་( Lithium) གློག་རྫས་ཧ་ཅང་མང་པོ་གསར་བཟོ་བྱེ ད་བཞིན་པའི་གནས་ཚུལ། འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་ དོན་ཇི་ལྟར་ཁྱབ་གདལ་གནང་གི་ཡོད་ མེད། དེ་བཞིན་བོད་ཀྱི་ཁོར་ཡུག་ཐོག་རྒྱ ལ་སྤྱིའི་ནང་དོ་སྣང་ཇི་ལྟར་ཡོད་ མེད། ཕྱི་ལོ་ ༡༩༥༩ སྔོན་དང་ད་ལྟའི་བོད་ཀྱི་གནས་བབ་ སྐོར། རྒྱ་གར་ཐུགས་རྗེ་ཆེ་ཞེས་པའི་ལས་ འགུལ་འདི་རྒྱ་གར་རྒྱལ་ཡོངས་ནང་ ཇི་ལྟར་སྤེལ་བཞིན་ཡོད་མེད་སྐོར་ བཅས་ལ་དོགས་འདྲི་གནང་བར་སྤྱི་ འཐུས་རྣམ་པས་ལན་འདེབས་གསལ་བཤད་ མཐིལ་ཕྱིན་གནང་ཡོད་པ་མ་ཟད། གསར་འགོད་པ་ཚོར་བོད་མི་མང་སྤྱི ་འཐུས་ལྷན་ཁང་ནས་པར་བསྐྲུན་གནང་ བའི་ཧིན་དི་དང་ཨིན་ཡིག་གཉིས་ཀྱི ་ནང་ཡོད་པའི་བོད་མིའི་གནད་དོན་ དང་འབྲེལ་བའི་ཡིག་ཆ་ཁག་དྲུག་ཙམ་ ཕུལ་གནང་ཐུབ་པ་བྱུང་ཡོད་འདུག